གང་དུ་ཡོད།
དོ་ནུབ་བདག་གི་མཛུབ་མོས་དགྲ་བོ་སྟོན་གྱིན་ཡོད་ཟེར
མཛུབ་རྩེ་གཡོ་ས་དེ་མཚམས་རེར་སེམས་ཀྱི་ཕྱི་རོལ་གྱི་ནམ་མཁའ་ཡིན་ཞིང
མཚམས་སེམས་ཀྱི་ནང་རོལ་གྱི་བརྩེ་བ་རེད
མཚམས་རེར་དམིགས་གཏད་བྲལ་བའི་བར་སྣང་གི་དབྱིངས་ཤིག་རེད
བདག་གི་དྲན་གསོ་གང་མང་བེད་སྤྱད་དེ
མཛུབ་མོ་འདིས་དགྲ་བོ་ཅི་ཞིག་རྙེད་པའི་སྐད་སྒྲར་ཉན་དུས
སྐབས་རེར་མེ་དཔུང་གི་ཁྲོད་ནས་ལྷ་མོ་ཞིག་གི་ལག་གདུབ་ཀྱི་སིལ་སྒྲ་ཐོས་ཤིང
མཚམས་རེར་བྱང་ཆུབ་ཤིང་གི་ལྗོན་རྩེ་ནས་སྤུ་གྲི་དམར་ཧེང་ངེ་བ་ཞིག་འདོན་སྲིད
ངོ་མ་ཨ་ཐང་ཆད་པ་ལ
མཛུབ་རྩེ་ཁོ་ནས་དགྲ་བོ་ཞིག་གི་ཆེད་དུ
ང་རང་ཡར་ལྡོག་མར་སློག་བྱེད་ཀྱིན་པའི་ལམ་བར་དུ
བུ་སྤུའི་རྩེ་ན་གཡོ་བའི་ཚོར་འདུ་ཕྲ་མོ་ཡང་གཏན་གྱི་དགྲ་བོ་མིན་པའི་ངེས་པ་མི་འདུག
རྩོམ་ཁུངས། ངེད་དྲ་བ།