གསའ་རང་འབར།


རྙིང་བའི་མིག་ནས་བོར་བའི་སྨྱོན་པ་ཞིག །
བདེན་པའི་ལམ་བུ་ཞིག་ནས་ཁེར་བུར་སོང་། །
གཏམ་དང་མི་ཁས་འཇབ་རྒོལ་བཙན་པོ་ཡིས། །
མུན་པའི་འཇིག་རྟེན་ཞིག་ཏུ་གྲོངས་སོ་སྐད། །
 
གསར་བའི་སྲོག་དང་བྲལ་བའི་ཕུང་གསུམ་ཞིག །
བསྙོན་འཛུགས་གར་བསྒྱུར་འོག་ནས་དལ་བུར་བགྲོད། །
ཅང་མེད་སྤྲང་བོ་ཟེར་བའི་མིང་འོག་ནས ། །
གནས་ལུགས་ཡིད་ཀྱི་དྭངས་མར་བཟུང་ཡོད་ཟེར ། །
 
ཀ་ཁའི་དབྱངས་རྟ་སྙན་མོའི་སྲོག་ལ་འཐམ། །
ཁ་བའི་འབྱུང་འགྱུར་ཕྲ་མོ་སེམས་སུ་བསྒོམ། །
ག་ས་གང་གིས་བཟོས་པའི་ན་ཟུག་དག །
ང་པའི་སེམས་ཀྱི་ནང་མར་ཉལ་ཚོད་གདའ། །
 
ཅ་དག་རིག་པའི་གནས་ལ་སེམས་ནས་སྨོན། །
ཆ་མེད་རིག་པའི་ཉིང་ཁུ་ཡུན་གྱིས་སྡུད། །
ཇ་ཁང་སྐྱིད་པོ་ཞིག་ནས་མི་དོན་གླེང་། །
ཉ་མོ་མཚོ་ལ་དུང་འདྲའི་རིགས་ཞེན་གཅེས། །
 
ཏ་ལའི་འདབ་ལྟར་རྒྱས་པའི་ལང་ཚོའི་སྲོག །
ཐ་མར་བྱ་དང་བྱེའུའི་ཟས་གྱུར་ཀྱང་། །
ད་ལྟའི་རང་ལ་མངའ་བའི་རང་གཤིས་དེས། །
ན་གཞོན་གསར་བ་ཞིག་གི་སེམས་གཤིས་འཚོལ། །
 
པ་ཏྲའི་རི་མོ་འཁྱིལ་འདྲའི་རིག་པའི་གནས། །
ཕ་མེས་རྔུལ་ཁྲག་གཙང་མའི་རྒྱུན་ཡིན་པས། །
བ་གླིང་སྨྱོན་པའི་སྤྱོད་པ་ཡོངས་དོར་ནས། །
མ་འོངས་མདུན་ལམ་གསར་བའི་ལམ་ཆེན་འཚོལ། །
 
ཙ་རི་ལ་སོགས་དག་པའི་གནས་མཆོག་ཏུ། །
ཚ་གྲང་དཀའ་བའི་རྣམ་ཐར་བྲིས་མེད་ཀྱང་། །
ཛ་དྲག་དུས་ཀྱི་འཕོ་འགྱུར་རྒོད་པའི་དུས། །
ཝ་མོའི་གཡོ་སྒྱུའི་གར་ལ་ཞེ་ནས་སྡང་། །
 
ཞ་ཉེ་གསེར་དུ་སྣང་བའི་བླུན་རྟགས་དང་། །
ཟ་འཐུང་ཧབ་ཐོབ་བྱེད་པའི་སྨྱོ་རྟགས་ཀྱིས། །
འ་ཅག་འབྱུང་འགྱུུར་བསམ་པའི་ན་གཞོན་ཞིག །
ཡ་མཚན་སྐྱོ་གདུང་དྲག་པོས་མནར་ནས་ཡོད། །
 
ར་དང་ལུག་གི་རྗེས་སུ་བསྙེག་བསྙེག་ནས། །
ལ་ལུང་ཡུལ་གྱི་ནུས་ཤུགས་མ་མཐོང་ན། །
ཤ་དར་ཁྲག་དར་ཡིན་པའི་མི་བུ་ཞིག །
ས་འདིའི་མ་འོངས་སྙམ་གྱིན་མིག་ཆུ་འཐོར། །
 
ཧ་ལམ་འདི་ཡིས་མཚོན་པར་བྱེད་ནུས་པ། །
ཨ་ཕོའི་རང་ལ་བརྗོད་པའི་དྲང་ཐིག་ལས། །
ཧ་ཧས་འཕྱ་དམོད་བྱེད་པའི་གནས་མིན་ལ། །
ཨ་མས་སྡང་མིག་བགྲད་ས་དེ་བས་ཀྱང་། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསའ་རང་འབར།

2011-03-06 གསའ་རང་འབབ། ཀློག་གྲངས། མཆན ཡོད།


རྙིང་བའི་མིག་ནས་བོར་བའི་སྨྱོན་པ་ཞིག །
བདེན་པའི་ལམ་བུ་ཞིག་ནས་ཁེར་བུར་སོང་། །
གཏམ་དང་མི་ཁས་འཇབ་རྒོལ་བཙན་པོ་ཡིས། །
མུན་པའི་འཇིག་རྟེན་ཞིག་ཏུ་གྲོངས་སོ་སྐད། །
 
གསར་བའི་སྲོག་དང་བྲལ་བའི་ཕུང་གསུམ་ཞིག །
བསྙོན་འཛུགས་གར་བསྒྱུར་འོག་ནས་དལ་བུར་བགྲོད། །
ཅང་མེད་སྤྲང་བོ་ཟེར་བའི་མིང་འོག་ནས ། །
གནས་ལུགས་ཡིད་ཀྱི་དྭངས་མར་བཟུང་ཡོད་ཟེར ། །
 
ཀ་ཁའི་དབྱངས་རྟ་སྙན་མོའི་སྲོག་ལ་འཐམ། །
ཁ་བའི་འབྱུང་འགྱུར་ཕྲ་མོ་སེམས་སུ་བསྒོམ། །
ག་ས་གང་གིས་བཟོས་པའི་ན་ཟུག་དག །
ང་པའི་སེམས་ཀྱི་ནང་མར་ཉལ་ཚོད་གདའ། །
 
ཅ་དག་རིག་པའི་གནས་ལ་སེམས་ནས་སྨོན། །
ཆ་མེད་རིག་པའི་ཉིང་ཁུ་ཡུན་གྱིས་སྡུད། །
ཇ་ཁང་སྐྱིད་པོ་ཞིག་ནས་མི་དོན་གླེང་། །
ཉ་མོ་མཚོ་ལ་དུང་འདྲའི་རིགས་ཞེན་གཅེས། །
 
ཏ་ལའི་འདབ་ལྟར་རྒྱས་པའི་ལང་ཚོའི་སྲོག །
ཐ་མར་བྱ་དང་བྱེའུའི་ཟས་གྱུར་ཀྱང་། །
ད་ལྟའི་རང་ལ་མངའ་བའི་རང་གཤིས་དེས། །
ན་གཞོན་གསར་བ་ཞིག་གི་སེམས་གཤིས་འཚོལ། །
 
པ་ཏྲའི་རི་མོ་འཁྱིལ་འདྲའི་རིག་པའི་གནས། །
ཕ་མེས་རྔུལ་ཁྲག་གཙང་མའི་རྒྱུན་ཡིན་པས། །
བ་གླིང་སྨྱོན་པའི་སྤྱོད་པ་ཡོངས་དོར་ནས། །
མ་འོངས་མདུན་ལམ་གསར་བའི་ལམ་ཆེན་འཚོལ། །
 
ཙ་རི་ལ་སོགས་དག་པའི་གནས་མཆོག་ཏུ། །
ཚ་གྲང་དཀའ་བའི་རྣམ་ཐར་བྲིས་མེད་ཀྱང་། །
ཛ་དྲག་དུས་ཀྱི་འཕོ་འགྱུར་རྒོད་པའི་དུས། །
ཝ་མོའི་གཡོ་སྒྱུའི་གར་ལ་ཞེ་ནས་སྡང་། །
 
ཞ་ཉེ་གསེར་དུ་སྣང་བའི་བླུན་རྟགས་དང་། །
ཟ་འཐུང་ཧབ་ཐོབ་བྱེད་པའི་སྨྱོ་རྟགས་ཀྱིས། །
འ་ཅག་འབྱུང་འགྱུུར་བསམ་པའི་ན་གཞོན་ཞིག །
ཡ་མཚན་སྐྱོ་གདུང་དྲག་པོས་མནར་ནས་ཡོད། །
 
ར་དང་ལུག་གི་རྗེས་སུ་བསྙེག་བསྙེག་ནས། །
ལ་ལུང་ཡུལ་གྱི་ནུས་ཤུགས་མ་མཐོང་ན། །
ཤ་དར་ཁྲག་དར་ཡིན་པའི་མི་བུ་ཞིག །
ས་འདིའི་མ་འོངས་སྙམ་གྱིན་མིག་ཆུ་འཐོར། །
 
ཧ་ལམ་འདི་ཡིས་མཚོན་པར་བྱེད་ནུས་པ། །
ཨ་ཕོའི་རང་ལ་བརྗོད་པའི་དྲང་ཐིག་ལས། །
ཧ་ཧས་འཕྱ་དམོད་བྱེད་པའི་གནས་མིན་ལ། །
ཨ་མས་སྡང་མིག་བགྲད་ས་དེ་བས་ཀྱང་། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།