སེ་ར་ཕུར་མཇལ།
མི་ཚོགས་ཀྱི་གཙང་བོ སེ་ར་ཕུར་ལྕོག་གི་གཡོན་ནས་གཡས་སུ་བཞུར་བཞིན་འདུག
གཙང་བོའི་མགོ་ཁུངས་དང་གཙང་བོའི་རྔ་མ་འདྲེས་བཞིན་འདུག
དེ་ནས གྲོང་ཁྱེར་ལྷ་ས་དང་འདྲེས་བཞིན་འདུག
ཉང་བྲན་ལམ་གྱི་ཉེན་རྟོག་པ་དང་དམག་མི་མང་བོ
སེ་ར་ཕུར་ལྕོག་དང་འབྲེལ་བ་ཅི་ཡང་མི་འདུག
ང སྨན་ཁང་ག་གེ་མོ་ཞིག་ནས་ཡུལ་ལ་ལོག་བཞིན་ཡོད
ནད་ཐོའི་སྟེང་གི་རྒྱ་ཡིག་ལྕགས་ཐགས་མ་དེ
ངའི་ཚེ་སྲོག་གི་ངོ་བོ་ལ་འབྲེལ་བ་མི་འདུག་པ་མ་ཟད
སེ་ར་ཕུར་ལྕོག་ལའང་འབྲེལ་བ་ཏོག་ཙམ་མི་འདུག
གནས་གང་རུང་དུ དུས་ཚོད་གང་རུང་དུ
མི་སེར་གྱི་སྟར་ཕྲེང་རིང་བོ་གང་ཞིག་མིག་ལ་ཐོགས་དུས
ང འབྱོར་ཞིང་ཕྱུག་པར་སྙམ་བཞིན་ཡོད
2010ལོའི་བོད་ཟླ12པའི་ཚེས27ཉིན།(2011.3.1)
རྩོམ་པ་པོའི་མཆན། ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་ཉིན་ནི་སེ་ར་དགོན་པའི་བྱས་གྲྭ་ཚང་དུ་ཡོད་པའི་དཔལ་རྡོ་རྗེ་
གཞོན་ནུའི་ཕུར་བ་ལ་མཇལ་བའི་དུས་ཆེན་དེར་ཡོངས་གྲགས་སུ་སེ་ར་ཕུར་མཇལ་ཟེར། ཞིབ་ཏུ་དུང་དཀར་ཚིག་མཛོད་
ཀྱི་ལྡེབས་གྲངས༢༠༥༠ལ་གཟིགས་པར་ཞུ།
རྩོམ་ཁུངས། ངེད་དྲ་བ།