རི་ཤོད་ནས་རི་རྩེ་དྲན་ཚུལ།
མཐོན་པོ་སྒང་དྲུག་གི་དབུ་འཕང་གནམ་ལ་བཏེགས་པ་ནས།
དྭངས་བསིལ་གྱི་ལྭ་བའི་གཤོག་སྣེ་ས་ལ་ཟག་གིན་འདུག
བསུང་ཞིམ་གྱི་ལང་ཚོའི་ཡལ་ཀ་རླུང་བུས་བསྐྱོད་ཀྱིན་མཆིས།
བསུང་ཞིམ་གྱི་ལང་ཚོའི་ཡལ་ཀ་རླུང་བུས་བསྐྱོད་ཀྱིན་མཆིས།
སུས་ཀྱང་རོལ་ཀྱིན་པའི་འཚོ་བ་ནི་རྩྭ་ཟིལ་གྱི་འགྱུར་ཁུགས་ཤིག
ཀྱེ་མ བདུད་རྩི་ལྟ་བུའི་འཇའ་ཚོན་གྱི་དྲི་བསུང་ཡ།
ཀྱེ་མ བདུད་རྩི་ལྟ་བུའི་འཇའ་ཚོན་གྱི་དྲི་བསུང་ཡ།
སེམས་ཀྱི་སྒོམ་ཡང་ཚེ་སྲོག་གིས་རེག་མ་ནུས་ཨང་།
རི་ཤོད་ན་འཁྱིལ་བའི་ཨར་འདམ་གྱི་འཇིག་རྟེན་ནས་རི་རྩེ་དྲན་ཚུལ་ཞིག
རི་ཤོད་ན་འཁྱིལ་བའི་ཨར་འདམ་གྱི་འཇིག་རྟེན་ནས་རི་རྩེ་དྲན་ཚུལ་ཞིག
༢༠༠༩་༦་༢༡ཉིན་ལན་གྲུ་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།