ཁྱེད་དང་བྲལ་རྗེས།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-01


ངའི་དྲན་ཀློང་ན་མེ་ལྟར་འབར་བ་དེ་ཁྱེད་ཡིན།
ངའི་རྒྱབ་ཕྱོགས་ན་རླུང་བཞིན་ལྡང་བ་དེ་ཁྱེད་ཡིན།
ཁྱེད་དང་བྲལ་རྗེས།
ཉི་མར་དྲོད་ཁོལ་མི་འདུག
སེམས་པ་གྲང་ཤུར་ཤུར།
ཟླ་བར་འོད་སྣང་མི་འདུག
སྣང་ཡུལ་མུན་འཐོམས་འཐོམས།
དཔྱིད་ཀྱི་ཁུ་བྱུག་འགགས་སོང༌།
དབྱར་ཀྱི་མེ་ཏོག་རྙིད་སོང༌།
སྟོན་གྱི་ཁྲུང་ཁྲུང་འཕུར་སོང༌།
དགུན་གྱི་ཁ་བ་སྐམ་སོང༌།
སེམས་པར་སིམས་པའི་བརྩེ་བ།
བརྩེ་བར་འཐིམ་པའི་སེམས་པ།
ཁྱེད་ཉིད་དྲན་པ་མིན་ན།
ཁྱེད་ཉིད་གླེང་བ་ཡིན་སྲིད།
དེ་ལྟར་དབུགས་ཀྱི་འབྱིན་རྔུབ།
སྙིང་གི་འཕར་ལྡིང༌།
མི་ཚེ་འདིའི་གོ་རིམ་ཧྲིལ་བོར།
ཁྱེད་ཉིད་ཁོ་ན་རྐྱང་འཁོར་སིལ་གྲངས་བཞིན་འཁོར་བ།
ངས་ཁྱེད་ལ་བཅངས་པའི་བརྩེ་དུང་ཡིན་ནམ།
ཁྱོས་ང་ལ་བཞག་པའི་ན་ཟུག་ཡིན།

 
ངའི་ངོ་གདོང་ན་ལམ་ལམ་འཚེར་བ་དེ་ཁྱེད་ཡིན།
ངའི་སྤྱན་མཐའ་ན་ཤམ་ཤམ་བཞུར་བ་དེ་ཁྱེད་ཡིན།
ཁྱེད་དང་བྲལ་རྗེས།
ཚེ་སྲོག་ལ་རིན་ཐང་མི་འདུག
ཡིད་ཁམས་སྟོང་སིང་སིང༌།
འཚོ་བར་སྙིང་བོ་མི་འདུག
མཐོང་ལམ་སྐྱ་ཐིང་ཐིང༌།
མིག་གི་མཛེས་པ་ཡལ་སོང༌།
རྣ་ཡི་སྒྲ་སྙན་འཐོར་སོང༌།
ངག་གི་དབྱངས་རྟ་ཆད་སོང༌།
ཡིད་ཀྱི་ཚོར་འདུ་ཞོགས་སོང༌།
སེམས་པར་སིམས་པའི་བརྩེ་བ།
བརྩེ་བར་འཐིམ་པའི་སེམས་པ།
ཁྱེད་ཉིད་དྲན་པ་མིན་ན།
ཁྱེད་ཉིད་གླེང་བ་ཡིན་སྲིད།
དེ་ལྟར་ཉིན་གྱི་འཕྲིན་ལས།
མཚན་གྱི་རྨི་ལམ།
དུས་ཚོད་ཀྱི་གོ་རིམ་ཧྲིལ་བོར།
ཁྱེད་ཉིད་ཁོ་ན་རྐྱང་འཁོར་སིལ་གྲངས་བཞིན་འཁོར་བ།
ངས་ཁྱེད་ལ་བཅོལ་བའི་རེ་བ་ཡིན་ནམ།
ཁྱོས་ང་ལ་བོར་བའི་ཕྱིར་མིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་དང་བྲལ་རྗེས།

2011-03-01 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།


ངའི་དྲན་ཀློང་ན་མེ་ལྟར་འབར་བ་དེ་ཁྱེད་ཡིན།
ངའི་རྒྱབ་ཕྱོགས་ན་རླུང་བཞིན་ལྡང་བ་དེ་ཁྱེད་ཡིན།
ཁྱེད་དང་བྲལ་རྗེས།
ཉི་མར་དྲོད་ཁོལ་མི་འདུག
སེམས་པ་གྲང་ཤུར་ཤུར།
ཟླ་བར་འོད་སྣང་མི་འདུག
སྣང་ཡུལ་མུན་འཐོམས་འཐོམས།
དཔྱིད་ཀྱི་ཁུ་བྱུག་འགགས་སོང༌།
དབྱར་ཀྱི་མེ་ཏོག་རྙིད་སོང༌།
སྟོན་གྱི་ཁྲུང་ཁྲུང་འཕུར་སོང༌།
དགུན་གྱི་ཁ་བ་སྐམ་སོང༌།
སེམས་པར་སིམས་པའི་བརྩེ་བ།
བརྩེ་བར་འཐིམ་པའི་སེམས་པ།
ཁྱེད་ཉིད་དྲན་པ་མིན་ན།
ཁྱེད་ཉིད་གླེང་བ་ཡིན་སྲིད།
དེ་ལྟར་དབུགས་ཀྱི་འབྱིན་རྔུབ།
སྙིང་གི་འཕར་ལྡིང༌།
མི་ཚེ་འདིའི་གོ་རིམ་ཧྲིལ་བོར།
ཁྱེད་ཉིད་ཁོ་ན་རྐྱང་འཁོར་སིལ་གྲངས་བཞིན་འཁོར་བ།
ངས་ཁྱེད་ལ་བཅངས་པའི་བརྩེ་དུང་ཡིན་ནམ།
ཁྱོས་ང་ལ་བཞག་པའི་ན་ཟུག་ཡིན།

 
ངའི་ངོ་གདོང་ན་ལམ་ལམ་འཚེར་བ་དེ་ཁྱེད་ཡིན།
ངའི་སྤྱན་མཐའ་ན་ཤམ་ཤམ་བཞུར་བ་དེ་ཁྱེད་ཡིན།
ཁྱེད་དང་བྲལ་རྗེས།
ཚེ་སྲོག་ལ་རིན་ཐང་མི་འདུག
ཡིད་ཁམས་སྟོང་སིང་སིང༌།
འཚོ་བར་སྙིང་བོ་མི་འདུག
མཐོང་ལམ་སྐྱ་ཐིང་ཐིང༌།
མིག་གི་མཛེས་པ་ཡལ་སོང༌།
རྣ་ཡི་སྒྲ་སྙན་འཐོར་སོང༌།
ངག་གི་དབྱངས་རྟ་ཆད་སོང༌།
ཡིད་ཀྱི་ཚོར་འདུ་ཞོགས་སོང༌།
སེམས་པར་སིམས་པའི་བརྩེ་བ།
བརྩེ་བར་འཐིམ་པའི་སེམས་པ།
ཁྱེད་ཉིད་དྲན་པ་མིན་ན།
ཁྱེད་ཉིད་གླེང་བ་ཡིན་སྲིད།
དེ་ལྟར་ཉིན་གྱི་འཕྲིན་ལས།
མཚན་གྱི་རྨི་ལམ།
དུས་ཚོད་ཀྱི་གོ་རིམ་ཧྲིལ་བོར།
ཁྱེད་ཉིད་ཁོ་ན་རྐྱང་འཁོར་སིལ་གྲངས་བཞིན་འཁོར་བ།
ངས་ཁྱེད་ལ་བཅོལ་བའི་རེ་བ་ཡིན་ནམ།
ཁྱོས་ང་ལ་བོར་བའི་ཕྱིར་མིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།