སེམས་ཚོར་གློ་བུར་བ།
གལ་སྲིད་སེམས་པ་འདི་དེ་དུས་ཀྱི་མགོ་སྦྲ་རོག་པོ་དེ་ཡིན་ཚེ།
མྱ་ངམ་ཐང་དེར་བུ་ཡུག་གིས་སྒུལ་ནས་རིང་ཞིག་འདས་ཟིན་ལ།
ནང་མི་མེད་པའི་ཁྱིམ་ཕུག་དང་ཐབ་ཀའང་།
ད་ནི་འཁྱགས་པ་རྡོ་རུ་གྱུར་འདུག
བདག་ལ་མ་མཐའ་ཡང་རེ་ལྟོས་འཆའ་ས་ཉག་ཅིག་ཡོད་ངེས།
དམིགས་ཡུལ་དེ་ཁོ་ནས་ཡ་ཆུང་ལ་དྲོད་ཁོལ་ཙམ་སྦྱིན་མེད་ན།
དུས་རབས་ཕྱེད་ཀའི་དགུན་ཟླ་འདི་ཇི་ལྟར་སྐྱེལ།
སེར་བོར་གྱུར་བའི་ལོ་མ་དག་སླར་གསོན་ཐབས་མེད་ནའང་།
བདག་གི་རེ་སྒུག་ནི་ཆེས་སྙིང་དུ་སྡུག་པ་ཞིག་ཡིན་ཏེ།
དྭངས་གཙང་གི་ཟིལ་ཐིགས་རེ་རེ་ཐག་གེར་གྲོལ་ཤུལ་ན།
བཞད་མ་ཐག་པའི་མེ་ཏོག་དེ་འཛུམ་དམུལ་ལེར་ཡོད་ངེས་ཤིང་།
དེ་དུས་ཁོར་ཡུག་འདིར་དཔྱིད་དཔལ་གསར་བཞིག་ངང་གིས་སླེབས་འོང་ངོ་།།

རྩོམ་ཁུངས། ངེད་དྲ་བ།