ཁྱོད་སོང་ཤུལ་དུ།

                          ___སྐུ་ཞབས་རང་གྲོལ་སྐུ་གཤེགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་རྗེས་དྲན་དུ།
 
ཁྱོད་སོང་ཤུལ་དུ
ས་གཞི་ལ་ཁ་ཏོག་བྲལ་ཅིང་འཇིག་རྟེན་ལ་མཛེས་སྣང་དབེན
མཚན་སྨག་གིས་གཙེས་པའི་ལོ་ཟླ་དེར
ཁྱེད་རང་ཧ་ཅང་དྲན
སྐབས་དེར ནམ་ཟླ་ཤིན་ཏུ་འཁྱགས་པས
ཨ་མས་ང་ལ་ལོ་རྒྱུས་ཀྱི་ཤ་དྲོད་སྦྱིན
དུས་དེ་ནས་བཟུང ཕ་གིའི་རི་འདབས་ཀྱི《རྐང་ལམ་ཕྲ་མོའི》སྟེང་མང་པོ་བསྐྱོད་མྱོང
〝བརྗོད་བྱ་མི་གསལ་པའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ཞིག་གིས〞
ང་ཚོ་ནི་སྨུག་པོ་གླིང་གི་གདུང་རྒྱུད་ཡིན་པ་གསལ་འདེབས་གནང
ཡིན་ནའང ཡབ་མེས་ཀྱི་བཞུད་ལམ་གཤེགས་པའི་ཉིན་དེར
དུས་རབས་ཀྱི་རླབས་ཀྱིས་སྒུལ་བའི《ལང་ཚོའི་རྦབ་ཆུ》དང་འཕྲད་བྱུང་ལ
དྲག་དང་ཤུགས་ཀྱིས་འཕྱོ་བའི་རྦབ་ཆུའི་ཟེགས་མ་རེ་རེའི་ནང
ཀྱག་ཀྱོག་གི་འགག་འཕྲང་བརྟོལ་བའི་ཁྱེད་ཀྱི་སྤོབས་པ་དང
བག་འཁུམ་གྱི་བྲག་རྡོ་སྒུལ་བའི་ཁྱེད་ཀྱི་སྙིང་སྟོབས་སོགས་གསལ་བོར་མཆིས
དེར་བརྟེན ཁྱེད་རང་གཤེགས་པའི་དེ་རིང་གི་ཉིན་མོ་འདིར
ཅིའི་ཕྱིར་མི་ཡུལ་དུ་ཁ་ཆེམས་བསྩལ་པ་ཡིན
〝ཁྱེད་དང་གཏན་འབྲལ་བྱེད་པའི་སྐབས ང་ནི་ཁྱེད་ལ་ཐུག་འདོད་ཅི་འདྲས་ཆེ་བ་ལ་ཨང
འོན་ཀྱང དེ་ནི་སྲིད་པ་མ་ཡིན〞ཞེས་པའི་ལྗིད་ཏིག་ཏིག་གི་ཁྱེད་ཀྱི་སྐད་ཆ་འདི
མི་རབས་ཤིག་གི་དྲན་ཤིང་དུ་གྱུར་ཡོད་སྟབས
དེ་རིང་ཁྱེད་ལ་སྙན་ངག་གི་མཆོད་པ་ཕུལ་ཏེ་རྗེས་དྲན་བྱེད།
དེ་རིང་འཇིག་རྟེན་གྱི་འོད་སྣང་སྦར་ནས་ཁྱེད་ལ་རྗེས་དྲན་བྱེད
དེ་རིང་མཐོ་སྒང་གི་སེམས་པ་བཏུས་ནས་ཁྱེད་ལ་རྗེས་དྲན་བྱེད
ཁྱོད་སོང་ཤུལ་དུ
བཙན་པོའི་མཁར་རྫོང་སྨུག་པས་བསྒྲིབས་ཏེ
ཕྱི་རོལ་མཐོང་བའི་སྒེའུ་ཁུངས་ཀྱང་སྣང་མེད་དུ་གྱུར
དེ་དུས འུ་ཚང་གི་བགྲེས་སོང་རྣམས་ཀྱིས
གནས་འདི་གཉན་དང་བཙན་གྱི་རྒྱུ་ལམ་དུ་སེམས་ཏེ
སྔར་བཞིན་འཕག་འཚག་གི་ང་རོ་ཁྱོན་ནས་སྒྲོག་མ་ཐུབ
ཡིན་ནའང གྲལ་བསྒྲིགས་པའི་རུ་དཔུང་གསར་བ་ཞིག་གིས
《དྲི་བཞོན་གྱི་བུ་མོ》གདན་དྲངས་ནས
ང་ཚོའི་མཐོང་ལམ་ཡོངས་སུ་ཕྱེས
ངེད་ཅག་གི་གོམ་པ་མདུན་དུ་སྤོ་བའི་ཚེ
རླུང་གི་རྒྱུ་ཕྱོགས་ཤིག་གིས
ལྷོ་བཞུད་ཀྱི་སྤྲིན་པ་ལ་བསྐུར་བའི་ཁྱེད་ཀྱི་སེམས་གཏམ་དག་གསལ་བོར་ཐོས་བྱུང
དེའི་ཕྱིར ཁྱེད་ཀྱིས་གྲོགས་མེད་ཀྱི་འཕྲང་ལམ་བརྒྱུད་པའི་དེ་རིང་གི་ཉིན་མོ་འདིར
ངེད་ཅག་གིས་མི་ཡུལ་ནས་འཕྲིན་ཡིག་བསྐུར་ཏེ་ཁྱེད་ལ་རྗེས་དྲན་བྱེད
ངེད་ཅག་གིས་ཞག་སྒྲོན་སྦར་ནས་ཁྱེད་ལ་རྗེས་དྲན་བྱེད
ངེད་ཅག་གིས་སེམས་གཏམ་བརྗོད་ནས་ཁྱེད་ལ་རྗེས་དྲན་བྱེད
གང་ལྟར ཁྱོད་སོང་ཤུལ་དུ་ངེད་ཅག་རྒས་ཟིན
ཁྲག་དྲོན་དང རྣམ་ཤེས ད་དུང་རིག་ཚན
ཡོད་ཚད་ཟོལ་བཅོས་ཀྱི་མཛེས་སྣང་ཁོ་ནར་གྱུར

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་སོང་ཤུལ་དུ།

2011-02-28 རོང་རྡོར་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།