ཇ་ཁང་།
ཤེལ་ལེབ་དམར་སྨུག་གི་ཞལ་དུ ཁ་བ་ལྷབ་ལྷུབ
གློག་འོད་ལམ་ལམ་གྱི་འོག་ཏུ ཕྱིར་དྲན་མག་མོག
གློག་འོད་ལམ་ལམ་གྱི་འོག་ཏུ ཕྱིར་དྲན་མག་མོག
ཉིན་དང་མཚན་དུ དུས་ཚོད་ཀྱི་མདའ་རྩེར་འགྲོགས་ཏེ
གཟུགས་མེད་པའི་བར་གཅོད་འདི་བརྡུངས་ནས་ཟད་པར་བྱས
གཟུགས་མེད་པའི་བར་གཅོད་འདི་བརྡུངས་ནས་ཟད་པར་བྱས
གླུ་སྐད་ལ་འགྲོགས་པའི་དུ་ཞགས་གྱ་གྱུ་དག
ཡོངས་སུ་ཡལ་ནས་ནམ་མཁའ་ཉིད་གཙང་མར་གྱུར་མོད
བདག་ནི་ད་དུང་དེ་ག་ན སྙིང་ཉེ
2011/2/25
ཡོངས་སུ་ཡལ་ནས་ནམ་མཁའ་ཉིད་གཙང་མར་གྱུར་མོད
བདག་ནི་ད་དུང་དེ་ག་ན སྙིང་ཉེ
2011/2/25
རྩོམ་ཁུངས། ངེད་དྲ་བ།