མི་རབས།

 

རལ་གྲིའི་མཐོ་དམའ་མི་སྙོམས་པའི་གསེབ་ཏུ
ན་ཟུག་རྡོག་པོ་རེ་ཁྱེར་ནས་འགྲོ་དུས
འཁོར་བསྐྱོད་ཀྱི་འགག་མཚམས
གད་སྙིགས་ནང་གི་ལོ་མས་བཅད་འདུག
ཤོངས་ཚད་ཀྱི་གནམ་རིས་ཀྱི་སྟེང་དུ
མིང་བྱང་འགོད་རྒྱུ་མི་བརྗེད་པར་མཁྱེན
 
སུན་པར་བཟོ་བྱེད་ཀྱི་དུས་རབས་ཞེས་པ་དེའི
དཔྲལ་བའི་ཐོད་གཉེར་བསྡུས་རུང
མ་ཁུག་པའི་རྒྱུ་དངུལ་མང་པོ་རང་ཤུགས་སུ་བཞག
དུས་གཏན་དུ་ཟད་པར་དཀའ་བའི་ལས་འབྲས
རང་ཉིད་ཀྱི་རྫོངས་པ་ལ་བཞག་པའི་རྟེན་དུ་སོང
སྤྱོད་ཡུལ་ཐམས་ཅད་མཆི་མའི་གཤེར་ཁུའི་བརླན་དུས
བརྗེད་དཀའ་བའི་གསེར་གྱི་ཐོད་པ་ཅན་འགའ
གྲམ་གཞུང་ནས
ནམ་ཡང་ཆུ་བོས་འཁུར་མ་ཐུབ
 
ཚར་གཅོད་ཀྱི་འཁོར་ལོར་དབང་བའི
ལས་འཕྲོའི་ཁ་དན་གཅིག་པུ་ནི
རྒྱུན་མ་ཆད་པའི་གཙང་བོ་ཞེས་པ
འཛམ་གླིང་གཅིག་པུའི་མགྲིན་དུ་འཁྱིལ་ནས་ཡོད
ཉི་མའི་ཕང་རྡུལ་གྱི་གསེབ་ནས
བཞུར་འོང་བའི་མར་ཁུའི་འབོད་སྒྲའི
ཤག་ཤག་ཏུ་འཇོ་བའི་ཆར་ཤུལ་གྱི
ནམ་ཟླ་འདྲ་བ་ཞིག་ཆགས་སོང
 
 
                                       2011  1   11 
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས།

2011-04-18 རླུང་བུ། ཀློག་གྲངས། མཆན ཡོད།

 

རལ་གྲིའི་མཐོ་དམའ་མི་སྙོམས་པའི་གསེབ་ཏུ
ན་ཟུག་རྡོག་པོ་རེ་ཁྱེར་ནས་འགྲོ་དུས
འཁོར་བསྐྱོད་ཀྱི་འགག་མཚམས
གད་སྙིགས་ནང་གི་ལོ་མས་བཅད་འདུག
ཤོངས་ཚད་ཀྱི་གནམ་རིས་ཀྱི་སྟེང་དུ
མིང་བྱང་འགོད་རྒྱུ་མི་བརྗེད་པར་མཁྱེན
 
སུན་པར་བཟོ་བྱེད་ཀྱི་དུས་རབས་ཞེས་པ་དེའི
དཔྲལ་བའི་ཐོད་གཉེར་བསྡུས་རུང
མ་ཁུག་པའི་རྒྱུ་དངུལ་མང་པོ་རང་ཤུགས་སུ་བཞག
དུས་གཏན་དུ་ཟད་པར་དཀའ་བའི་ལས་འབྲས
རང་ཉིད་ཀྱི་རྫོངས་པ་ལ་བཞག་པའི་རྟེན་དུ་སོང
སྤྱོད་ཡུལ་ཐམས་ཅད་མཆི་མའི་གཤེར་ཁུའི་བརླན་དུས
བརྗེད་དཀའ་བའི་གསེར་གྱི་ཐོད་པ་ཅན་འགའ
གྲམ་གཞུང་ནས
ནམ་ཡང་ཆུ་བོས་འཁུར་མ་ཐུབ
 
ཚར་གཅོད་ཀྱི་འཁོར་ལོར་དབང་བའི
ལས་འཕྲོའི་ཁ་དན་གཅིག་པུ་ནི
རྒྱུན་མ་ཆད་པའི་གཙང་བོ་ཞེས་པ
འཛམ་གླིང་གཅིག་པུའི་མགྲིན་དུ་འཁྱིལ་ནས་ཡོད
ཉི་མའི་ཕང་རྡུལ་གྱི་གསེབ་ནས
བཞུར་འོང་བའི་མར་ཁུའི་འབོད་སྒྲའི
ཤག་ཤག་ཏུ་འཇོ་བའི་ཆར་ཤུལ་གྱི
ནམ་ཟླ་འདྲ་བ་ཞིག་ཆགས་སོང
 
 
                                       2011  1   11 
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།