ང་དང་ལུག་ཁྱུ་དཀར་པོ།༼ཞར་བཀོད་གཅིག་ཡོད༽

སྟོང་འཇགས་ལས་སད་མ་ཐག་པའི་རྩྭ་ཐང་ལ
བན་བུན་གྱི་སྨུག་པ་འཁོར་ཐེངས་མང་པས
ད་ལོ  རྫི་བོ་གང་མང་ཞིག་གིས་རང་བབས་ཀྱི་ལས་ཀ་བསྐྱུར་ནས་བུད་སོང
 
རྩྭ་ཐང  གདོད་མ་ནས་དྲོད་གཤེར་གྱི་གཏིང་དུ་ནུབ་ཅིང
སྣུམ་ཤིག་ཤིག་གི་རྩྭ་ལྗང་གང་སར་འབུས་འདུག་པས
ང་ནམ་ཡང་གཞན་ཡུལ་དུ་འཁྱམ་འདོད་མ་བྱུང
ཚེ་གཅིག་ལས་གཅིག་ལ
ཞི་འཇགས་ཀྱི་རྩྭ་ཐང་དུ་ལུས་པའི་རྫི་བོ་རྣམས་ཅི་འདྲའི་སྐྱིད་ཨང
 
ད་ལྟ  ང་དབྱར་ས་ན་སྡོད་ཡོད
སྤང་ཐང་དུ་དཀྱིལ་དཀྲུང་གོར་མོ་ཞིག་བཅས་ནས
མི་མང་མི་ཉུང་པའི་ལུག་ཁྱུ་སེམས་ཀྱིས་འཚོ་བཞིན
སྣ་གླུ་སྙན་མོ་དེ་ལེན་པར་ཤིན་ཏུ་དགའ་འོ
 
ལུག་དང་ལུ་གུ་སོ་བཞི་ལས་མེད་པའི་རྫི་བོ་ང་རང
ཕྱུག་པོ་མིན་ལ་དབུལ་བོའང་མིན
དགོང་མོར  དཀར་ལམ་མེ་ལུག་ཁྱུ་ལྷས་སུ་བསྐོར་ཚེ
སྒོ་ཕྱུགས་ར་དོག་ཀྱང་མི་ཤོང་མེད་ལ
ཞོགས་པར འབའ་ལྷང་ངེ་ལུག་ཁྱུ་ཕྱི་རུ་དེད་ཚེ
སྤང་ཁ་ཞེང་ཆེ་ཡང་མི་ཁེབས་པ་མེད
 
ནམ་ཞིག  མི་རྣམས་ལ་གཤོག་པ་ཐོགས་ནས
ཟླ་བའི་གོ་ལ་རུ་འཚོ་སྡོད་བྱས་ན་ཡང
སྔར་བཞིན  ང་ཚེ་གཅིག་ལུས་གཅིག་ལ
རྩྭ་ཐང་གི་རྫི་བོ་ངོ་མ་ཞིག་བྱ་ངེས
 
                ༼རྩྭ་ཐང་གི་མཚན་མོ༽
 
མཚན་མོར  ཕ་ཡུལ་གྱི་རྩྭ་ཐང་ཁོ་ནས
གཉིད་མ་སད་ཀྱི་བུས་བ་བཞིན
ཟླ་འོད་དྭངས་མའི་ནུ་ཞོ་ལ་རོལ་བཞིན་ཡོད
 
ང་ནར་སོན་ནས
གྲོང་ཁྱེར་གྱི་འུར་ཟིང་ལ་འཐིམ་དུས
ཕ་ཡུལ་གྱི་མཚན་མོ་རྟག་ཏུ་དྲན་ཞིང་
རྩྭ་ཐང  ནར་མ་སོན་པའི་བྱིས་པ་དང་འདྲ་བ་གཞི་ནས་ཤེས་བྱུང
 
ཁ་བ་དང་ལྷགས་པ་ནམ་རྒྱུན་རྒོད་པ་བདེན་མོད
གཞོན་ནུ་མའི་ཤ་དྲོད་གཏིང་རིམ་ནས་འཕྱུར་དུས
མེ་ཏོག་གི་འདབ་མ་རང་སར་གྲོལ་ལ
ལྷན་སྐྱེས་ཀྱི་བསུང་ཞིམ་གང་སར་འཐུལ་ཡོང
ང་གྲོང་ཁྱེར་ནས་ཕ་ཡུལ་ལ་ཐོན་སྐབས
དུས་ཀྱི་དགུན་ཁ  རྩྭ་ཐང་ལ་ད་དུང་སླེབས་མེད
 
ཕ་ཡུལ་གྱི་མཚན་མོ  གྲོང་ཁྱེར་དང་ཕྱོགས་ཙམ་མཚུངས་ཏེ
ལྦུ་ཆང་ནི
རིན་མེད་དུ་འཐུང་ཆོག་པའི་རྫ་ཆུ་དྭངས་མོ་ཡིན་ལ
བྲོ་ཁང་ནི
སྒོ་སྲུང་བ་མེད་པའི་སྤང་ཁུག་ནེམ་པོ་དེ་ཡིན
གླུ་དབྱངས་ནི
ཁ་ཞེ་གཉིས་མེད་ཀྱི་རྫི་གླུ་ཁོ་ན་ཡིན་ནོ
 
མེ་ཕུང་གི་མཐའ་རུ
ལག་པ་དང་ལག་པ་ཁྱུད་མོར་སྦྲེལ་བ་ན
དོགས་འཇིགས་དང་མུན་པ་རྒྱང་ལ་བྱེར་ཞིང
སེམས་པ་དང་དྲོད་ཁོལ་གཞི་གཅིག་ཏུ་འདྲེས་སོང་པས
རྩྭ་ཐང་གི་མཚན་མོ  ང་རང་ཆེས་དགའ་བའི
འཆར་ཡན་གྱི་སྙན་ངག་ཅིག་དང་མཚུངས
 
རྩྭ་ཐང་གི་མཚན་མོ་བརྒྱུད་ཡོང་བའི
རྩྭ་ཐང་གི་ཁྱིམ་མི་ངོ་མ་ཞིག་ཡིན་ཚེ
སང་གི་སྐྱ་རེངས་ལ་རེ་སྨོན་གཏན་ནས་མི་བྱེད
རང་ཉིད་གྲོགས་དང་ལྷན་ཏུ་བརྩེ་བའི་འཇིངས་སུ་ནུབ་ཟིན་པས
ངེས་མེད་དུ་ཆུ་ཁར་གཡེང་བའི་རྩྭ་ལོ་དེ་མིན་ལ
སྐད་ཅིག་མའི་བདེ་བ་སྙེག་པའི་མེ་ལྕེབ་དེའང་མིན
 
རྩྭ་ཐང་ལ་རྒྱུས་མངའ་མེད་པའི་འགྲུལ་བ་ཚོས
རྒྱུན་གོམས་སུ་སོང་བའི་དོགས་མིག་རིག་རིག་གིས
མཚན་མོར་སྤྱང་ཀི་དང་ཇག་པ་ལྷན་ཏུ་འདུས་ཡོད་ཟེར
རྩྭ་ཐང་ནས་སྐྱེས་ཤིང་ས་མཐར་འཁྱམས་མྱོང་བའི་སྙན་ངག་པ
གད་མོ་ཤོར་སོང  བགད་བགད་ནས་མིག་ཆུའང་ཤོར་སོང
དེ་ནི་རྩྭ་ཐང་ལ་ཐོར་བའི་མིག་ཆུ་ཐོག་མ་ཡིན་ངེས
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ལུག་ཁྱུ་དཀར་པོ།༼ཞར་བཀོད་གཅིག་ཡོད༽

2011-04-18 གངས་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།