ང་ཁྱོད་ལ་དགའ་བ་ནི་བརྩེ་དུང་གི་ཆེད་དུ་མིན།
རླུང་གིས་སྐྲ་ལོ་གཡོ་དུས
ཁྱོད་ནི་མཉེན་ལྡན་གྱི་སྨྱུག་མ་ཞིག་རེད
རླུང་ཇི་ལྟར་གཡུག་ཀྱང་
མུན་ནག་གི་མིག་ཟུང་འདི་ལ་དེ་ལས་འགོག་ཐབས་མི་འདུག
ཁྱོད་ནི་མཉེན་ལྡན་གྱི་སྨྱུག་མ་ཞིག་རེད
རླུང་ཇི་ལྟར་གཡུག་ཀྱང་
མུན་ནག་གི་མིག་ཟུང་འདི་ལ་དེ་ལས་འགོག་ཐབས་མི་འདུག
ཐག་རིང་ནས་ལོང་བར་གྱུར་བའི་མིག་ཟུང་དག་གིས་
འདོད་རྔམས་ཆེན་པོས
རྒྱ་མཚོ་ནས་འཁྲུས་ལ་རོལ་བའི་བུད་མེད་འདིས
ཡོད་ཚད་ལ་ལོངས་སྤྱོད་བྱེད་འདོད་ཀྱིས
ཉམ་ཆུང་གི་མིག་ཆུ་རྒྱ་མཚོ་དང་འདྲེས་སོང་།
འདོད་རྔམས་ཆེན་པོས
རྒྱ་མཚོ་ནས་འཁྲུས་ལ་རོལ་བའི་བུད་མེད་འདིས
ཡོད་ཚད་ལ་ལོངས་སྤྱོད་བྱེད་འདོད་ཀྱིས
ཉམ་ཆུང་གི་མིག་ཆུ་རྒྱ་མཚོ་དང་འདྲེས་སོང་།
སྐྱེས་བ་ནས་འཆི་བའི་བར
འདོད་ཆགས་ཞེ་གང་བོ་
ཨམ་གཙིགས་ནས་དམ་དུ་བསྡམས་པའི་མཆེ་བ་རྣོན་པོ་ཞིག་དང་འདྲ་བར
ཆོད་མི་ཆོད་གཉིས་ཀའི་ཟུར་སྣ་ནས་གཏན་དུ་འགྲེང་།
འདོད་ཆགས་ཞེ་གང་བོ་
ཨམ་གཙིགས་ནས་དམ་དུ་བསྡམས་པའི་མཆེ་བ་རྣོན་པོ་ཞིག་དང་འདྲ་བར
ཆོད་མི་ཆོད་གཉིས་ཀའི་ཟུར་སྣ་ནས་གཏན་དུ་འགྲེང་།
ང་དེང་མ་དགོན་པ་ན་ཡོད་དུས
དགོན་པ་ནི་ཆོས་ཀྱི་ཕ་ས་ཞིག་རེད་འདོད
ཏིང་འཛིན་གྱི་ཁྲི་ལ་བཞུགས་ནས་ཡུན་རིང་འགོར་སོང་
སེམས་ཅན་གྱི་བདེ་སྡུག་འཁོར་བོས་ཁྱེར་དུས
ང་ནི་རླུང་གི་གཤོག་པ་བཞིན་དུ་
ག་ས་ཀུན་ནས་་་་་་་་་
གང་ས་ཀུན་ཏུ་་་་་་་་་
དུས་གཏན་དུ་ང་ཁྱོད་ལ་དགའ་བ་ནི་བརྩེ་དུང་གི་ཆེད་དུ་མིན།

རྩོམ་ཁུངས། ངེད་དྲ་བ།