དེ་རིང་གི་ཡུལ་ཤུལ།


ཡུལ་ཤུལ་ལགས     ངས་བསམ་ན     སུ་ཞིག་གིས་ཁྱོད་ཀྱི་ལུས་ལ་
བཞག་པའི་གོད་ཆག་དེའི་ཆེད་ལ་སྒྲོན་པའི་མཆོད་མེ་ཀོང་བུ་གང་དེ     ད་ནི་
ཚར་ན་འགྲིག་པར་འདོད    ཡུལ་ཤུལ     ད་ནི་ཁྱོད་ཀྱིས་ངལ་གསོ་བྱོས་ཤིག 
 
དར་ལྕོག་ལ་ཆགས་པའི་རྨི་ལམ་དང     རྩྭ་ཐང་ལ་འཁོར་བའི་ཁྱོད་ཚོའི་བླ་སྲོག་
གཙང་མ   ད་ནི་གཙང་མ་ཞིག་བཀྲུས་ཏེ་སུ་ཞིག་ལའང་རེ་སྒུག་མ་བྱེད    དམག་ལ་
གྱོན་པའི་རྣམ་ཤེས་དེ་དག་མིག་གིས་འཚོ་བཞིན    སུ་དང་གང་ལ་རེ་བ་མ་བྱེད
 
བྱ་རྒོད་ཀྱི་གཤོག་པར་ཐོགས་པའི་ཁ་སང་གི་ཉི་འོད    བདེན་དོན་གྱིས་སྲུང་དེ་
སྔོན་ཆད་ནང་བཞིན་བདེ་བར་སྐྱོད་ཤིག     འོད་ལམ་ལམ་གྱིས་གཤོམ་གྱིན   མི་ཡུལ་
ལ་ལེགས་སྐྱེས་སུ་ཕུལ་ཏེ   དགའ་སྣང་གིས་སྐྱོད་ཤིག
 
མི་ཚོགས་མང་པོ་ཆས་ཤུལ་ནས་ཕ་ས་སྲུངས་ཤིག    སྦྲ་ནག་སྲུངས་ཤིག    བུ་དང་ཚ་
བོ་དག་སྲུངས་ཤིག     ཡུལ་ཤུལ་དེ་ཡུལ་ཅན་ཞིག་ཏུ་བསྒྱུར་ཏེ་ཡུལ་དེའི་མེ་ཏོག་གི་རྒྱ་མཚོ
འི་མངའ་ཐང་སྲུངས་ཤིག     བདག་གི་རེ་བའི་རྨི་ལམ་ན་འཚར་བའི་ཡུལ་ཤུལ
 
ཡུལ་ཤུལ    ད་ནི་ལག་གཉིས་ཐལ་མོ་སྦྱར་ནས་གནམ་གྱི་བདེན་པར་མ་དད
དཀར་གཙང་གཙང་གི་ཁྱེད་ཅག་གི་སེམས་པ་གཙང་མར་དད་པ་བྱོས་ཤིག   འབྲོང་གི་རྭ
་བར་ནས     གངས་རིའི་མཆན་ཁུང་ནས     གླུ་སྐད་གཙང་མ་ཞིག་ང་ཚོ་ལ་སྐུར་རོགས ཕ་གཞས་གཙང་མ་ཞིག་ང་ཚོ་ལ་སྦྱིན་རོགས  
 ཡུལ་ཤུལ        ཡུལ་ཤུལ        ཡུལ་ཤུལ
 
                                     ༡༠༡༡ལོའི་ཟླ༤པའི་ཚེས༡༡ཉིན་དབུས་ཕྱོགས་སུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་ཡུལ་ཤུལ།

2011-04-16 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


ཡུལ་ཤུལ་ལགས     ངས་བསམ་ན     སུ་ཞིག་གིས་ཁྱོད་ཀྱི་ལུས་ལ་
བཞག་པའི་གོད་ཆག་དེའི་ཆེད་ལ་སྒྲོན་པའི་མཆོད་མེ་ཀོང་བུ་གང་དེ     ད་ནི་
ཚར་ན་འགྲིག་པར་འདོད    ཡུལ་ཤུལ     ད་ནི་ཁྱོད་ཀྱིས་ངལ་གསོ་བྱོས་ཤིག 
 
དར་ལྕོག་ལ་ཆགས་པའི་རྨི་ལམ་དང     རྩྭ་ཐང་ལ་འཁོར་བའི་ཁྱོད་ཚོའི་བླ་སྲོག་
གཙང་མ   ད་ནི་གཙང་མ་ཞིག་བཀྲུས་ཏེ་སུ་ཞིག་ལའང་རེ་སྒུག་མ་བྱེད    དམག་ལ་
གྱོན་པའི་རྣམ་ཤེས་དེ་དག་མིག་གིས་འཚོ་བཞིན    སུ་དང་གང་ལ་རེ་བ་མ་བྱེད
 
བྱ་རྒོད་ཀྱི་གཤོག་པར་ཐོགས་པའི་ཁ་སང་གི་ཉི་འོད    བདེན་དོན་གྱིས་སྲུང་དེ་
སྔོན་ཆད་ནང་བཞིན་བདེ་བར་སྐྱོད་ཤིག     འོད་ལམ་ལམ་གྱིས་གཤོམ་གྱིན   མི་ཡུལ་
ལ་ལེགས་སྐྱེས་སུ་ཕུལ་ཏེ   དགའ་སྣང་གིས་སྐྱོད་ཤིག
 
མི་ཚོགས་མང་པོ་ཆས་ཤུལ་ནས་ཕ་ས་སྲུངས་ཤིག    སྦྲ་ནག་སྲུངས་ཤིག    བུ་དང་ཚ་
བོ་དག་སྲུངས་ཤིག     ཡུལ་ཤུལ་དེ་ཡུལ་ཅན་ཞིག་ཏུ་བསྒྱུར་ཏེ་ཡུལ་དེའི་མེ་ཏོག་གི་རྒྱ་མཚོ
འི་མངའ་ཐང་སྲུངས་ཤིག     བདག་གི་རེ་བའི་རྨི་ལམ་ན་འཚར་བའི་ཡུལ་ཤུལ
 
ཡུལ་ཤུལ    ད་ནི་ལག་གཉིས་ཐལ་མོ་སྦྱར་ནས་གནམ་གྱི་བདེན་པར་མ་དད
དཀར་གཙང་གཙང་གི་ཁྱེད་ཅག་གི་སེམས་པ་གཙང་མར་དད་པ་བྱོས་ཤིག   འབྲོང་གི་རྭ
་བར་ནས     གངས་རིའི་མཆན་ཁུང་ནས     གླུ་སྐད་གཙང་མ་ཞིག་ང་ཚོ་ལ་སྐུར་རོགས ཕ་གཞས་གཙང་མ་ཞིག་ང་ཚོ་ལ་སྦྱིན་རོགས  
 ཡུལ་ཤུལ        ཡུལ་ཤུལ        ཡུལ་ཤུལ
 
                                     ༡༠༡༡ལོའི་ཟླ༤པའི་ཚེས༡༡ཉིན་དབུས་ཕྱོགས་སུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།