སྡེ་ཆེན་པོའི་བཞི་མདོ་ནས་འགྲེང་དུས།
བརྩེ་བ་སྤར་མོ་གང་སྙིང་ཁར་སྦྱར་ནས།
སྙིང་གཏམ་ཚིག་དྲུག་མ་ཅིག་མགྲིན་པར་བཏེགས་ཏེ།
གྲང་ཤུར་ཤུར་གྱི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་དང་།
སྐྱ་ཐིང་ཐིང་གི་ཡུལ་མི་ཚོའི་ངོ་གདོང་དག་དྲན་བཞིན།
ཕ་ཡུལ་ལ་ཐེངས་གཅིག་ཆས་པ་ཡིན།

ལམ་ལ་ཆས་དུས། ཁ་བ་མར་མར་བབས་བྱུང་།
གཞི་ནས། དྲན་པའི་ཡང་སྙིང་སུ་འོད་ཀྱི་གོང་བུར་ཆགས་པའི།
སྡེ་ཆེན་པོའི་བཞི་མདོ་རུ་འབྱོར་དུས་ནི།
ཙག་རླུང་དང་ཁ་ཤུར་གྱིས་ཡུལ་ལྗོངས་སྲེག་ཀྱིན་པའི་མཚན་མོ་ཞིག་རེད།
མུན་ནག་ལ་རྒོལ་བའི་མིག་ཟུང་གིས།
མཚན་ཆེན་མོའི་ཁ་ཞེང་འབྲེག་བཞིན་ཅེར་གྱིས་ལྟ་དུས།
རབ་རིབ་ངང་མངོན་འོང་བ་ནི།
ཙག་རླུང་ཁྲོད་གཡུ་རལ་གསིག་གྱིན་པའི་མ་ཎིའི་དར་ལྕོག་རེ་རེ་རེད།

དེ་དུས། ངས་མེས་པོ་ཚོ་སྔར་ནས་བཞུད་ཟིན་པ་ཚོར།
གློག་ཞུ་ཆུང་ཆུང་དེ་བར་སྣང་ལ་གཏད་དེ།
དཀར་བོང་བོང་གི འཁྱག་སིབ་སིབ་ཀྱི་ཁ་བའི་འདབ་མ་རེ་རེ།
གདོང་གིས་བསུ་བཞིན་ཡང་ཡང་སྙིང་ཁར་སྦྱོར་དུས།
ངས་ཡང་བསྐྱར་མེས་པོ་ཚོའི་རྣམ་ཤེས་དྲན་བྱུང་།
དེ་དུས། ངས་མ་ཎི་ཕྲེང་བསྐོར་གཅིག་གིས།
མེས་པོ་ཚོའི་རྣམ་ཤེས་ལ་བྱབས་ཁྲུས་ཐེངས་ཤིག་བྱས།

དྲ་མིག་དག་ལས་རབ་རིབ་ཀྱི་སྒྲོན་འོད་རེ་གསལ་འོང་ལ།
སྐབས་རེར་བྱིས་པ་དག་གི་ངུ་སྐད་རེའང་ཐོས་འོང་དུས །
ངས་ནི་ད་གཟོད། བསྐལ་བའི་གནའ་གྲོང་ཆེན་པོ་འདིས་ཀྱང་།
སང་ཉིན་ཞེས་པའི་མཛེས་སྡུག་གི་རྨི་ལམ་ཞིག་ད་དུང་ཉར་ཡོད་པ་ཚོར།
དེ་དུས། ངས་རང་ཉིད་གཞི་ནས།
སྡེ་ཆེན་པོའི་འདིའི་འདས་མ་ད་གསུམ་གྱི་ལོ་ཟླ་ལ་འཐིམས་ཚར་བ་ཚོར།

མཐའ་མཇུག་གི་མཐའ་མཇུག
ང་བསུ་མཁན་ནི་སྙིང་རྗེ་བའི་སྒོ་ཁྱི་ལ་བོ་གཅིག་པུ་རེད།
དེ་ལྟར། སེམས་ཁྲལ་དང་བསམ་གཞིགས་བརྩེགས་མའི་མཚན་མོ་ཞིག་ལ།
མི་ཁྱི་གཉིས་ཀྱི་རྐང་རྗེས་གྲ་མཉམ་པ་ཞིག་ཁ་བའི་ཁྲོད་ནས་རྒྱང་རིང་དུ་འཐེན།

རྩོམ་ཁུངས། ངེད་དྲ་བ།