བོར་ནས་རྙེད་པའི་རྨི་ལམ།

                         ——JM.LAMOལ།
ཧ་ཅང་ཐག་ཉེ་ཐག་ཉེའི་ཁྱོད
ཧ་ཅང་ཐག་རིང་ཐག་རིང་གི་ཁྱོད
ངའི་ཞག་གང་གི་རྨི་ལམ་ནང་འདར་གྱིན་པའི་ཁྱོད
ངའི་མིག་ཆུ་དང་རྫི་མའི་རྩུབ་བརྡར་ཁྲོད་བསྐུང་པའི་ཁྱོད
སྟོང་བའི་དབྱིངས་ནས་སེ་གོལ་ཙམ་གཏོགས་པས་ཀྱང་ཐོར་ཞིག་ཏུ་འགྲོ་བའི་ཁྱོད
ལས་ཀྱིས་རྙེད་ཅིང་ལས་ཀྱིས་བྲལ་བའི་བརྩེ་གདུང་གི་མཆི་མ་བརླན་གཤེར་དང་བྲལ་བ་ཁྱོད
འདས་མ་འོངས་ད་ལྟ་གསུམ་གྱི་ངོ་བོ་གང་ལའང་མི་གཏོགས་པའི་རྣག་ཁྲག་གི་སྡུག་བསྔལ་ཏོག་ཙམ་པོ་ཁྱོད
ངའི་དེ་རིང་གི་ཟས་རིན་དང་ཁང་གླ་སྤྲད་རྗེས་མེ་འཁོར་དུ་བསྡད་དེ་ཕ་ཡུལ་དུ་ལོག་འགྲོ་མཁན་གྱི་བུ་མོ་གླེན་མ་ཁྱོད
                                                                                                  2008.03.18

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོར་ནས་རྙེད་པའི་རྨི་ལམ།

2011-04-15 ཁྲོ་ཐུང་།༼ལྷ་ས༽ ཀློག་གྲངས། མཆན ཡོད།

                         ——JM.LAMOལ།
ཧ་ཅང་ཐག་ཉེ་ཐག་ཉེའི་ཁྱོད
ཧ་ཅང་ཐག་རིང་ཐག་རིང་གི་ཁྱོད
ངའི་ཞག་གང་གི་རྨི་ལམ་ནང་འདར་གྱིན་པའི་ཁྱོད
ངའི་མིག་ཆུ་དང་རྫི་མའི་རྩུབ་བརྡར་ཁྲོད་བསྐུང་པའི་ཁྱོད
སྟོང་བའི་དབྱིངས་ནས་སེ་གོལ་ཙམ་གཏོགས་པས་ཀྱང་ཐོར་ཞིག་ཏུ་འགྲོ་བའི་ཁྱོད
ལས་ཀྱིས་རྙེད་ཅིང་ལས་ཀྱིས་བྲལ་བའི་བརྩེ་གདུང་གི་མཆི་མ་བརླན་གཤེར་དང་བྲལ་བ་ཁྱོད
འདས་མ་འོངས་ད་ལྟ་གསུམ་གྱི་ངོ་བོ་གང་ལའང་མི་གཏོགས་པའི་རྣག་ཁྲག་གི་སྡུག་བསྔལ་ཏོག་ཙམ་པོ་ཁྱོད
ངའི་དེ་རིང་གི་ཟས་རིན་དང་ཁང་གླ་སྤྲད་རྗེས་མེ་འཁོར་དུ་བསྡད་དེ་ཕ་ཡུལ་དུ་ལོག་འགྲོ་མཁན་གྱི་བུ་མོ་གླེན་མ་ཁྱོད
                                                                                                  2008.03.18

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།