ཡུལ་ཤུལ་ལ་བཞག་པའི་ལག་པ།

ཨ་མའི་པང་ནས་བོར་སོང་བའི་རྣམ་ཤེས་ཀྱི་ཁྱུ་ཞིག
རྨི་ལམ་ཁྲོད་ནས་ཡལ་སོང་བའི་འཇའ་ཚོན་གྱི་གཟུགས་རིས
དབུགས་ཀྱི་འབྱིན་རྔུབ་དུ་ཙམ་གྱི་ཁྲོད
ཁྱོད་ཀྱིས་འོད་སྣང་ཞིག་རེག་སྲིད
ཐོག་རེག་མེད་པའི་འགུལ་སྐྱོམ་དེ
སུ་ཞིག་གི་ཆེད་དུ་སྒྲོན་པའི་སྒྲོན་མེ་ཡིན
ཐལ་རྡུལ་ཞིག་འཚུབ་རྗེས་ཀྱི་དེ་རིང
ཁྱོད་རང་ཐལ་རྡུལ་ཆེན་པོ་ཞིག་གི་ཀླུང་དུ་སིམ་ཡོད
བར་མེད་པའི་འུར་ཟིང་ཞིག་གིས
མི་ལོ་གྲངས་མེད་དུ་གནས་པའི་ལྷིང་འཇགས་གཏོར་སོང
ང་ཡི་ལག་པ་སྲེག་བྱེད་ཀྱི་ཡུལ་ཤུལ
རི་བོ་ཆེན་པོས་ཁྱོད་ཀྱི་རྣམ་ཤེས་མཐོ་རུ་བཏེགས་ཡོད་ཟེར
གཙང་བོ་གསུམ་གྱིས་ཁྱོད་ཀྱི་ཟུངས་ཁྲག་གི་དྭངས་གཙང་དུ་ཁྱེར་ཡོད་ཟེར
སྤང་གཤོང་སྔོན་པོས་ཁྱོད་རང་པང་དུ་བཟུང་སྟེ་བདེ་སྣང་གིས་བཟི་ཡོད་ཟེར
རྩྭ་རྐང་ཁྲི་ཕྲག་གིས་ཁྱོད་ཀྱི་ཉེས་པ་ལ་བྱི་བདོར་བྱེད་བཞིན
བར་སྣང་གི་རླུང་ཁར་སྤུར་ཡོད་ཟེར
ང་ཡི་སྤུན་ཟླ་ལགས    ང་ཡི་ཡུལ་ཤུལ་ལགས
འཇམ་ཐིང་ངེར་ང་ཡི་གམ་དུ་ལོག་ཤོག
ཕ་ཡུལ་གྱི་མཛེས་སྡུག་སྐྱུརད་རོགས
ཞེན་ཆགས་ཀྱི་སྲེད་པ་དོར་བཅུག
ལེ་བདའ་ཞིག་སུ་ལ་བྱེད་ཆོག
སྡང་མིག་ཅིག་སུ་ལ་བགྲད་རུང
བདེ་སྐྱིད་ནི་རང་གིས་བསུ་ཆོག
ང་ཡི་ཡུལ་ཤུལ
ཕ་ཡུལ་ནས་ཁྱོད་ལ་ཐོབ་དགོས་པ་ཞིག་ཡོད་ན་སྔ་མོ་ནས་ཐོབ་ཟིན
ལག་བཟུང་ཆེན་པོ་ཞིག་ཡོད་ན་སྔ་མོ་ནས་ཤོར་ཟིན
ད་ནི་ཁྱོད་ཀྱིས་མདུན་གྱི་འོད་ཐིགས་དེར་ཅེར་རོགས
ཁྱོད་ཀྱི་མ་འོངས་པ་མ་ཎི་ཡིག་དྲུག་གིས་བསྟན་འོང
ན་ནིང་གི་དེ་རིང
ཁྱོད་ཀྱི་འཕང་བར་མིག་ཆུ་ཞིག་འཁྱིལ་ཡོད
ངུ་ངག་གིས་ཁེངས་པའི་ཕ་གཞིས་བསྐྲུན་ཡོད
ད་ནི་སེམས་ཀྱིས་གཏན་དུ་སྐྱུརད་ཅིག
མིག་གིས་རིང་དུ་དོར་ཏེ
རང་ཉིད་ཀྱིས་ཚེ་སྲོག་གསར་བ་དེར
དགའ་བདེ་ཞིག་འཕེལ་དུ་འཇུག་དགོས
སྤོབས་པ་ཞིག་བསྐྱེད་དུ་འཇུག་དགོས
ང་ཡི་ཡུལ་ཤུལ
                              ༢༠༡༡ལོའི་ཟླ༤པའི་ཚེས༡༤ཉིན་གྱི་ཞོགས་པར་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ཤུལ་ལ་བཞག་པའི་ལག་པ།

2011-04-15 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།