ཉི་ཧོང་གི་ས་ཡོམ་ཆུ་སྐྱོམས་ཀྱི་རྐྱེན་འདས་དག་ལ་སླར་ཡང་ཕུལ་བ།
རི་བོ་ནུར་བའི་སྟོབས་ཀྱིས་བཅུར་ལ།།
ཆུ་བོ་སྐྱོམས་པའི་རླབས་ཀྱིས་དྲངས་བ།།
ཚན་རིག་དངུལ་ལོའི་མུ་ཏིག་གླིང་ག།
ཉི་ཧོང་བྱང་དང་ཤར་གྱི་ཕྱོགས་དག།
ཆུ་བོ་སྐྱོམས་པའི་རླབས་ཀྱིས་དྲངས་བ།།
ཚན་རིག་དངུལ་ལོའི་མུ་ཏིག་གླིང་ག།
ཉི་ཧོང་བྱང་དང་ཤར་གྱི་ཕྱོགས་དག།
གཅེས་པའི་ཚེ་སྲོག་དབྱར་ཁའི་མེ་ཏོག།
འཁྲེང་བའི་རྒྱུ་ནོར་རྩྭ་རྩེའི་ཟིལ་ཐིགས།།
རེ་བའི་ཕྱིར་མིག་གཉོམ་པོའི་བར་ནས།།
སེ་གོལ་ཡུན་ལ་འཇའ་ལྟར་གྱེས་སོང་།།
འཁྲེང་བའི་རྒྱུ་ནོར་རྩྭ་རྩེའི་ཟིལ་ཐིགས།།
རེ་བའི་ཕྱིར་མིག་གཉོམ་པོའི་བར་ནས།།
སེ་གོལ་ཡུན་ལ་འཇའ་ལྟར་གྱེས་སོང་།།
དགའ་འཁྱིལ་པ་ཏྲའི་གཞུང་ལམ་ཚལ་གྱི།།
རླངས་འཁོར་མཚོ་གྲུའི་གཙུབ་བརྡར་བར་ན།།
ཚོན་ལྡན་ཁང་བརྩེགས་མགོ་བོ་དགྱེ་བ།།
དབང་མེད་རང་ལུས་ས་རུ་བརྡབས་སོང་།།
རླངས་འཁོར་མཚོ་གྲུའི་གཙུབ་བརྡར་བར་ན།།
ཚོན་ལྡན་ཁང་བརྩེགས་མགོ་བོ་དགྱེ་བ།།
དབང་མེད་རང་ལུས་ས་རུ་བརྡབས་སོང་།།
ས་ཆེན་ཁྲོས་པའི་སྒྱོགས་མདེལ་འཕངས་ནས།།
དབུ་དཀར་བགྲེས་པོའི་ཞལ་ཏ་བཅད་སོང་།།
ངམ་གནག་ཤྭ་འོད་གློ་རྡེག་ལངས་ནས།།
སོ་དཀར་བྱིས་པའི་ཤ་ཚུགས་བསྒྱུར་སོང་།།
དབུ་དཀར་བགྲེས་པོའི་ཞལ་ཏ་བཅད་སོང་།།
ངམ་གནག་ཤྭ་འོད་གློ་རྡེག་ལངས་ནས།།
སོ་དཀར་བྱིས་པའི་ཤ་ཚུགས་བསྒྱུར་སོང་།།
གཤིན་ཡུལ་འཁྱམ་པའི་རྣམ་ཤེས་ཉམ་ཐག།
གསོན་ཡུལ་ལྷག་པའི་དྭ་ཕྲུག་ཁ་འཐོར།།
སྨན་ལམ་གནས་པའི་རྨས་མ་ཡིད་ཆད།།
མཐོང་ན་མི་སེམས་སྒུལ་བའི་དངངས་སྐྲག།
གསོན་ཡུལ་ལྷག་པའི་དྭ་ཕྲུག་ཁ་འཐོར།།
སྨན་ལམ་གནས་པའི་རྨས་མ་ཡིད་ཆད།།
མཐོང་ན་མི་སེམས་སྒུལ་བའི་དངངས་སྐྲག།
གྲངས་མེད་རི་ཆུའི་ཡོལ་བས་ཆོད་ཀྱང་།།
གཤིན་གསོན་འཇིག་རྟེན་ཁ་ཁར་བྲལ་བ།།
བདེ་སྡུག་ལས་ཀྱི་བཀོད་པ་མཐོང་ཚེ།།
བརྩེ་བའི་མིག་ཟུང་ངང་གིས་ཤོར་སོང་།།
གཤིན་གསོན་འཇིག་རྟེན་ཁ་ཁར་བྲལ་བ།།
བདེ་སྡུག་ལས་ཀྱི་བཀོད་པ་མཐོང་ཚེ།།
བརྩེ་བའི་མིག་ཟུང་ངང་གིས་ཤོར་སོང་།།
སེམས་པའི་ལག་ཟུང་ཁྱོད་ལ་བསྲིངས་ཏེ།།
གཙང་དག་མར་མེའི་འོད་ཟེར་བསྒྲོན་ནས།།
གཟུང་སྔགས་ཟབ་མོ་ལྷོད་ཀྱིས་གྱེར་བཞིན།།
བདེ་ལྡན་ཞིང་གི་ལྷ་ལ་བཅོལ་ཡོད།།
༢༠༡༡ ༣ ༢༤
གཙང་དག་མར་མེའི་འོད་ཟེར་བསྒྲོན་ནས།།
གཟུང་སྔགས་ཟབ་མོ་ལྷོད་ཀྱིས་གྱེར་བཞིན།།
བདེ་ལྡན་ཞིང་གི་ལྷ་ལ་བཅོལ་ཡོད།།
༢༠༡༡ ༣ ༢༤
རྩོམ་ཁུངས། ངེད་དྲ་བ།