ཡུལ་ཤུལ་གྱི་ས་ཡོམ་ལ་རྗེས་དྲན་ཞུ་བའི་སྙན་ངག༢
ཡུལ་ཤུལ་ལ་འོ་བྱེད་པ།
ཆུང་ཆུང་གི་ཡུལ་ཤུལ་ཁྱོད།
ལོ་གཅིག་ལ་བུད་ཟིན།
ཆུང་ཆུང་གི་ཡུལ་ཤུལ་ཁྱོད།
བདག་དང་ཕུ་ནུ་ཚོའི་སེམས་ཀྱིས་གཉོར་སོང་།
ཡུལ་ཤུལ་ཨ། ན་ནིང་གི་འཇིགས་དངངས་དེ་ནི།
གཞན་གང་ཡང་མ་ཡིན་ཏེ།
ཁྱོད་བཙས་མཁན་གྱི་བོད་རིགས་ཨ་མ་དེ་གྲོངས་ཙམ་མ་གཏོགས།
ཁྱོད་ནི་གོམ་འགྲོས་འཁྱར་འཁྱོལ་གྱི་བགྲོད་པའི།
རྒྱ་ནང་གིས་བཟོས་པའི་རས་གུར་སྔོ་ལིང་བའི་ནང་གི་ཁྱོད་རང་ཡིན།
ཡུལ་ཤུལ། ལོ་གཅིག་ལ་བུད་ཟིན་པའི་དེ་རིང་།
ང་དང་ཕུ་ནུ་ཚོའི་ཁྱོད་ཀྱི་འགྲམ་པ་ལ་འོ་རེ་བྱེད་ལ།
འོ་འདི་མིག་ཆུ་དང་འདྲེས་ནས། སེམས་པ་དང་འདྲེས་ནས།
ཁྱོད་ཀྱི་ཁྲག་རྒྱུན་ལ་འདྲེས་པར་ཤོག རྣམ་ཤེས་ལ་ཐིམ་པར་ཤོག
༢༠༡༡ ༤ ༡༤
རྩོམ་ཁུངས། དགའ་དགའི་ཟིན་བྲིས།