ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད།
དོ་དགོང ང་རང་ཁེར་རྐྱང་དུ
ཆུང་མའི་ཕ་རོལ་གྱི་མཚན་ངོགས་འདི་ནས
གཞས་གདངས་མེད་པའི་གླུ་ཚིག་ཅིག་སྐྱོར་བཞིན
སུ་ཡི་ཆེད་དུ་མུན་པ་འགམ་གྱིན་འདུག
ལོ་རེ་རེའི་ཟླ་བ་དང་ཉི་མ ཞག་པོ་འདི་ལ
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
ཆུང་མའི་ཕ་རོལ་གྱི་མཚན་ངོགས་འདི་ནས
གཞས་གདངས་མེད་པའི་གླུ་ཚིག་ཅིག་སྐྱོར་བཞིན
སུ་ཡི་ཆེད་དུ་མུན་པ་འགམ་གྱིན་འདུག
ལོ་རེ་རེའི་ཟླ་བ་དང་ཉི་མ ཞག་པོ་འདི་ལ
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
དོ་དགོང་ལྟ་བུའི་མུན་ནག་པོ་ཞིག
ངའི་མིག་ཟུང་གིས་འཇིག་རྟེན་མི་མཐོང
ཡིད་སེམས་ཀྱིས་ཀྱང་མི་མཐོང
ཕྱོགས་བཞི་དང་སྟེང་འོག་མི་ཤེས་པའི་དོ་དགོང
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
ངའི་མིག་ཟུང་གིས་འཇིག་རྟེན་མི་མཐོང
ཡིད་སེམས་ཀྱིས་ཀྱང་མི་མཐོང
ཕྱོགས་བཞི་དང་སྟེང་འོག་མི་ཤེས་པའི་དོ་དགོང
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
ཁ་སང་གི་གདོང་ལ་གྲུ་ཤན་ཐེབས་པ་དེར
དེ་རིང་དུས་ལྟར་ན་ཟུག་གསར་བ་ཞིག་ལངས་བྱུང
ས་དང་རྡོ་རིམ་པ་ཆིག་སྟོང་གི་གཏིང་ཞབས་ནས
མནར་གཅོད་མ་བཟོད་པར་འབར་གྱིན་པའི་མེ་ལྕེ་ཕྲ་མོ
མ་འོངས་པར་བསྐལ་བའི་བྲང་གཞུང་གཤག་ཨེ་ཡོང་སྙམ་ན
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
དེ་རིང་དུས་ལྟར་ན་ཟུག་གསར་བ་ཞིག་ལངས་བྱུང
ས་དང་རྡོ་རིམ་པ་ཆིག་སྟོང་གི་གཏིང་ཞབས་ནས
མནར་གཅོད་མ་བཟོད་པར་འབར་གྱིན་པའི་མེ་ལྕེ་ཕྲ་མོ
མ་འོངས་པར་བསྐལ་བའི་བྲང་གཞུང་གཤག་ཨེ་ཡོང་སྙམ་ན
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
སང་ཉིན ཉི་མ་ཁུར་བའི་འགྲོ་བ་སེམས་ཅན
མུན་ནག་ཁྲོད་བོར་བའི་དེ་རིང་གི་གཏམ་རྒྱུད་རུམ་ནས
ཁོ་བོའི་རྨི་ལམ་གྱི་ཆོན་ཐག་སྒང་ལ་འགོས་ཚེ
དར་ལྕོག་དང་རླུང་རྟའི་བར་གསང་རིང་མོ་ནས
ཡོད་ཚད་ཐང་ཆད་ཅིང་ངལ་དུབ་ཀྱིས་གཉིད་དུས
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
མུན་ནག་ཁྲོད་བོར་བའི་དེ་རིང་གི་གཏམ་རྒྱུད་རུམ་ནས
ཁོ་བོའི་རྨི་ལམ་གྱི་ཆོན་ཐག་སྒང་ལ་འགོས་ཚེ
དར་ལྕོག་དང་རླུང་རྟའི་བར་གསང་རིང་མོ་ནས
ཡོད་ཚད་ཐང་ཆད་ཅིང་ངལ་དུབ་ཀྱིས་གཉིད་དུས
ངས་ཅི་ཞིག་ལ་སོ་ལྟ་བྱེད་པ་རེད
2011ལོའི་ཟླ་3པའི་ཚེས་14ཉིན།
རྩོམ་ཁུངས། ངེད་དྲ་བ།