མི་རབས་གསུམ་གྱི་སྨན་ཤར།

ལྷ་ཆུང་སྒྲོལ་གོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-13

དཀོན་མཆོག་སྒྲོལ་མ་ནི་ལྷ་མཚོ་སྒྲོལ་མའི་ཡུམ་དང
ལྷ་མཚོ་སྒྲོལ་མ་ནི་ཤེས་རབ་སྒྲོལ་མའི་ཡུམ་ཡིན་པས
ཤེས་རབ་སྒྲོལ་མ་ནི་དཀོན་མཆོག་སྒྲོལ་མའི་ཚ་མོ་ཡིན་པ་གཞི་ནས་རྟོགས
རྨོ་བོ་སྒྲོལ་མ་ལ་དབུས་གྲོགས་མང་པོ་ཡོད
ཨ་ཅེ་སྒྲོལ་མར་མནའ་བཅད་མཐུན་གྲོགས་ཤིན་ཏུ་མང
བུ་མོ་སྒྲོལ་མར་མཛའ་བཤེས་སློབ་གྲོགས་དེ་ལས་ཀྱང་མང
རྨོ་བོ་སྒྲོལ་མ་མ་ཎི་འདོན་ཞོར་ཕྲེང་བ་བགྲང་རྒྱུར་གོམས
ཨ་ཅེ་སྒྲོལ་མ་ཁྱིམ་ཐབ་སྐྱོང་བཞིན་སྒོ་ཟོག་འཚོ་བར་ལོབས
བུ་མོ་སྒྲོལ་མ་རིག་གནས་ལ་དགའ་ཞིང་མི་རིགས་ལ་དེ་བས་དུངས
རྨོ་བོ་སྒྲོལ་མ་དཀོན་མཆོག་གསུམ་པོར་སྙིང་ནས་དད
ཨ་ཅེ་སྒྲོལ་མ་ནི་ཡུལ་ལྷ་གཞི་བདག་ལ་མཆོད་ཅིང་སྐྲག
བུ་མོ་སྒྲོལ་མ་ཨེ་དབྱིན་སི་ཐན་ལ་གུས་ཤིང་རྗེ་ཙོང་ཁ་བར་སྙིང་ནས་དད

རྨོ་བོ་སྒྲོལ་མས་རྒྱུན་དུ་རང་ཁྱིམ་གོར་མོའི་དཀའ་ཉོག་ལ་སེམས་ཁྲལ་བགྱིད
ཨ་ཅེ་སྒྲོལ་མས་རྟག་ཏུ་སྡེ་མགོ་ཚོ་བའི་བདེ་སྡུག་ལ་ལྐོག་ནས་མནོ་བསམ་བྱེད
བུ་མོ་སྒྲོལ་མས་ནམ་རྒྱུན་ཚོ་དྲུག་ཡུལ་ཚོ་དང་ཕ་ཡུལ་མི་མང་གི་འབྱུང་འགྱུར་ལ་བསམ་གཞིག་གི་རྟ་ཁ་དཀྱུ
རྨོ་བོ་སྒྲོལ་མས་དད་པ་དག་སྣང་གི་ས་བོན་སེམས་སུ་སྒོམ
ཨ་ཅེ་སྒྲོལ་མ་ནི་དྲང་བདེན་ཡིད་ཆེས་ལ་མིག་ལྟར་གཅེས
བུ་མོ་སྒྲོལ་མ་ནི་དོགས་སློང་དཔྱོད་ཤེས་ཀྱི་བློ་མིག་ཆེ་ཆེར་བཀྲ
རྨོ་བོ་སྒྲོལ་མ་གོམས་སྲོལ་ཞིག་བརྩི་འཇོག་ལ་ཧ་ཅང་བརྩི་མཐོང་ཆེ
ཨ་ཅེ་སྒྲོལ་མ་ནི་གོམས་གཤིས་ཤིག་གི་མཐུ་འོག་ནས་འདུག་པར་ཧ་ཅང་མོས
བུ་མོ་སྒྲོལ་མ་ནི་རྩ་དོན་ཞིག་དང་ཆོས་ཉིད་ཅིག་བརྩི་བར་དེ་བས་དགའ
རྨོ་བོ་སྒྲོལ་མ་ནི་གཟུགས་འདས་ཀྱི་ཆོས་ཤིག་གླེང་བར་རྟག་ཏུ་སྤྲོ
ཨ་ཅེ་སྒྲོལ་མ་ནི་མཐོང་ཆོས་སུ་མངོན་པ་ཞིག་བརྗོད་པར་དེ་བས་སྤྲོ
བུ་མོ་སྒྲོལ་མ་ནི་རང་གི་མཐོང་ལམ་གྱི་རྡོག་སྣེ་ནས་ཕུགས་བསམ་གྱི་རྒྱལ་ཁམས་སྙེག་པར་དེ་བས་སྤྲོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་གྱི་སྨན་ཤར།

2011-04-13 ལྷ་ཆུང་སྒྲོལ་གོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།