ཡུལ་ལྗོངས་བཞུར་བ།

 

རང་ཉིད་ཀྱི་ངལ་གསོའི་བར་ནས
སྣག་བུམ་དུ་ཆུ་བོ་དང་ཡུལ་ལྗོངས་བབས
ནེམ་ལྗང་ལྗང་གི་རྩྭ་སྔོན་གྱི་གཞིས་ཀ
གཞིས་ཀ་ནས་ཕ་རོལ་བ་ལ་འབྲེལ་བ་མེད་པའི་ལས་དོན་ཁ་ཁ
བརྩེ་བ་ཤིག་ཤིག་ཏུ་བབས་ཚེ
ཆུ་མོའི་ཤག་ཤག་གི་དབྱངས་སྙན་བགད
ཆུ་མོའི་ཟུངས་ཁྲག་གིས
ཡུལ་གྱུར་ཕོ་བྲང་གི་རྡོའུ་ཟེགས་ཁུར
ཆུ་བོར་ཟམ་པ་འཕེན་ཚུལ་འང
ཡུལ་ལྗོངས་བཞུར་ཚུལ་གཞན་ཞིག
ཀི་ཞིག་འདེབས་དུས
ཟུངས་ཁྲག་གི་རླབས་རྒྱུན
འཛམ་གླིང་གི་མཐོ་ཤོས་ནས་བཞུར་བ་རྟོགས
ལམ་སྐེད་ཀྱི་ཕྱིར་མིག་ལས
ལྡོག་བཞུར་གྱི་གཙང་བོས་ཟླ་འོད་ཆུ་ལ་བཏབ
ཁུ་སིམ་གྱི་མཚན་མོ་བཞུར
 
གཡོན་ཕྱོགས་ཀྱི་རྡོ་ར་ན་མིག་ཤེལ་ཞིག་ལུས་འདུག
སྒོ་ཁྱིའི་ཟུག་སྐད་ཀྱི་བཞུར་ཕྱོགས་ལས
མི་ཞིག་བུད་སོང་བ་ཤེས་ཐུབ
ཟླ་བ་མགོ་ཐོག་ཏུ་ཡོད་པས
ངས་རང་གི་གྲིབ་མ་མ་མཐོང
ཡུལ་གྲུ་ནི་སྔར་བཞིན་བཞུར་གྱིན་འདུག
 
            མཆན ། ཁ་བྱང་རྒྱ་ནག་གི་རྩོམ་པ་པོ(周圆)ཀྲིག་ཡོན་གྱི་ཁ་བྱང་ཅིག་གཡར་བ།
 
                                 2010.1.14

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ལྗོངས་བཞུར་བ།

2011-04-12 རླུང་བུ། ཀློག་གྲངས། མཆན ཡོད།

 

རང་ཉིད་ཀྱི་ངལ་གསོའི་བར་ནས
སྣག་བུམ་དུ་ཆུ་བོ་དང་ཡུལ་ལྗོངས་བབས
ནེམ་ལྗང་ལྗང་གི་རྩྭ་སྔོན་གྱི་གཞིས་ཀ
གཞིས་ཀ་ནས་ཕ་རོལ་བ་ལ་འབྲེལ་བ་མེད་པའི་ལས་དོན་ཁ་ཁ
བརྩེ་བ་ཤིག་ཤིག་ཏུ་བབས་ཚེ
ཆུ་མོའི་ཤག་ཤག་གི་དབྱངས་སྙན་བགད
ཆུ་མོའི་ཟུངས་ཁྲག་གིས
ཡུལ་གྱུར་ཕོ་བྲང་གི་རྡོའུ་ཟེགས་ཁུར
ཆུ་བོར་ཟམ་པ་འཕེན་ཚུལ་འང
ཡུལ་ལྗོངས་བཞུར་ཚུལ་གཞན་ཞིག
ཀི་ཞིག་འདེབས་དུས
ཟུངས་ཁྲག་གི་རླབས་རྒྱུན
འཛམ་གླིང་གི་མཐོ་ཤོས་ནས་བཞུར་བ་རྟོགས
ལམ་སྐེད་ཀྱི་ཕྱིར་མིག་ལས
ལྡོག་བཞུར་གྱི་གཙང་བོས་ཟླ་འོད་ཆུ་ལ་བཏབ
ཁུ་སིམ་གྱི་མཚན་མོ་བཞུར
 
གཡོན་ཕྱོགས་ཀྱི་རྡོ་ར་ན་མིག་ཤེལ་ཞིག་ལུས་འདུག
སྒོ་ཁྱིའི་ཟུག་སྐད་ཀྱི་བཞུར་ཕྱོགས་ལས
མི་ཞིག་བུད་སོང་བ་ཤེས་ཐུབ
ཟླ་བ་མགོ་ཐོག་ཏུ་ཡོད་པས
ངས་རང་གི་གྲིབ་མ་མ་མཐོང
ཡུལ་གྲུ་ནི་སྔར་བཞིན་བཞུར་གྱིན་འདུག
 
            མཆན ། ཁ་བྱང་རྒྱ་ནག་གི་རྩོམ་པ་པོ(周圆)ཀྲིག་ཡོན་གྱི་ཁ་བྱང་ཅིག་གཡར་བ།
 
                                 2010.1.14

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།