ལྷ་དང་ལྷ་མོར་སྨྲས་པའི་སྙིང་གཏམ།

ངའི་སྟོང་ཁམས་ཀྱི་དབྱིངས་རིམ་ན་རྒྱུ་བའི་ལྷ་ཚོགས་རྣམས
ངའི་བསང་དུད་ཀྱི་ཁོང་གསེང་ན་བགྲོད་པའི་ལྷ་མོའི་ཚོགས
རང་ཉིད་ཀྱི་ལག་པ་ཕྱི་ལ་སྲིང་བར་ལོབས་ཡོད་པ་ལས
རང་ཉིད་ཀྱི་ལག་པ་ནང་དུ་བསྡུ་མི་ཤེས་པའི་གོམས་སྲོལ
ང་ལ་གོམས་སྲོལ་དུ་མ་ཆགས་པའི་གོམས་སྲོལ
བདེན་པར་འཐད་པའི་གཞུང་ལུགས་ཆེན་མོ
བདེན་པ་ལས་ལོག་པའི་གཞུང་ལུགས་མིན་པའི་གཞུང་ལུགས
ང་ལ་དགོས་དོན་མི་འདུག
བཏུང་འདོད་པའི་ཡུན་རིང་གི་བདུད་རྩི
ཨ་མས་ལྷ་ལ་འབུལ་དགོས་ཟེར
གནམ་ལ་མཆོད་ཅིང་སར་ཐིམ་པའི་བདུད་རྩི་ཞིམ་པོ
ཨ་མར་ཆུད་ཟོས་མིན་པའི་ངའི་ཆུད་ཟོས
སེམས་ལ་ན་ཟུག་ཅིག་ཐོལ་གྱིས་འཕྱུར
ངའི་རྩྭ་ཐང  ངའི་ནོར་ལུག  ཁྱེད་ལ་སྟེར་དགོས་དོན་མི་འདུག
ངའི་ས་ཞིང  ངའི་ལོ་ཏོག  ཁྱེད་ལ་སྦྱིན་དགོས་དོན་མེད
རང་ཉིད་ཀྱི་ཕྱག་རང་ཉིད་ཀྱི་ཆེད་དུ་མི་འགུལ
རང་ཉིད་ལ་རང་ཉིད་ཀྱི་ཕྱག་སྟོང་གིས་ཅི་བྱ
སྤྱན་སྟོང་ཡང་དགོས་དོན་མེད་པ་འདྲ
མཆོད་མཆོད་པའི་མཐའ་མ
འབད་འབད་པའི་རྗེས་མ
ཐོབ་བྱ་མེད་པའི་ཐོབ་བྱ་ལྗིད་པོ
འབྲས་བུ་མི་ཐོགས་པའི་ས་བོན་དངོས་མ
འཕུར་རྒྱུ་ལས་འབབ་རྒྱུ་མེད་པའི་ཚད་མ

ངའི་ལྷ་ཚོགས  ངའི་ལྷ་མོ
གཞུང་ལུགས་རྫུན་མས་མགོ་སྐོར་མི་གཏོང་བར་ཞུ
མར་ལོ་ལྟ་བུའི  ལོ་ཆང་ལྟ་བུའི
གཞུང་ལུགས་ཀྱི་སྔུན་ན་ཤོར་ས་མེད
བླ་མའི་ནུས་མཐུ  ལྷ་སྐུའི་བྱིན་རླབས  མདོ་སྔགས་ཀྱི་དགོས་པ
སྙན་ངག་བཞིན   བརྩམས་སྒྲུང་བཞིན
བསྟོད་ཚོགས་ཀྱིས་བསྐྲུན་གྱིན་པའི་ལྷ་ཚོགས
ལྷ་ཚོགས་དང་གྱེས་བཞིན་པའི་བསྟོད་ཚོགས
བསྟོད་ཚོགས་ནི་ལྷ་ཚོགས་རེད
ལྷ་ཚོགས་ནི་ཤོག་བུ་དང་སྨྱུ་གུའོ
 
ངའི་ལྷ་དང་ལྷ་མོའི་ཚོགས
གཞུང་ལུགས་རྫུན་མ་ཁྱེར་ནས་ཕྲོས
མི་ཡུལ་ལ་རྡུལ་ཕྲན་མཚོན་ཆ་ཟེར་བ་ཞིག་ཐོན་འདུག
གློག་རྡུལ་རྩིས་འཁོར་ཟེར་བ་ཞིག་ཀྱང་བཀོལ་བཞིན་ཡོད
ཕྱིར་ལ་གཏན་ནས་ལོག་མི་ཉན
ང་ཡང་འགྲོ་རན་སོང
ཟ་ཁང་གི་སྒོ་སྔར་ནས་བརྒྱབ་ཟིན
ཞབས་ཞུ་བ་མེད    ལོ་ཆང་ཁམ་པ་ཡང་མེད
                                               ༢༠༡༡ལོའི་ཟླ༢ཚེས༡༦ལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་དང་ལྷ་མོར་སྨྲས་པའི་སྙིང་གཏམ།

2011-04-12 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།