མཚན་མོའི་ཅི་ཞིག་ལ་བསྒུག་པའི་མགོ་བོ་བཏེགས་པ་ནས
སྡུག་སྣང་ཁྲོད་འདས་པའི
རང་ཉིད་ལ་བཞག་པའི་མེ་བཙའ་འང་ཟིན་ཚར་སོང
ཉིན་མོའི་འོད་ཟེར་མཐའ་དག་ཞུ་ཤུལ་དུ
སུ་ཞིག་གིས་དུར་ཁྲོད་ནས་བལྟོས་པའི་ཕྱིར་མིག་བཀྱེད་མ་ཐུབ་པར
ངུ་ངག་གི་ཕྱིར་འབོད
ཁ་བ་བཞིན་ཁུ་སིམ་མེར
མཐོང་མི་ཐུབ་པའི་མིག་ཆུའི་ཚུལ་དུ་བཞུར
འཁྱོག་པོར་འཚང་བའི་ལག་མཐིལ་གྱི་རི་མོ་ལས
རང་ཉིད་ཀྱི་བསམ་བཀོལ་གཞར་ཡང་འཇལ་ཐུབ་པ་ནི
རང་ཉིད་བསྲོ་བྱེད་དམ་བསྲེག་བྱེད་ནི
དུར་ཁྲོད་ན་ལུས་བའི་ཁེར་རྐྱང་གི་མེ་ཐབ་རེད
དབྱར་གྱི་ཆར་བ
སྟོན་གྱི་ཆར་བ
དཔྱིད་གྱི་ཆར་བ
ཁ་བ་མེད་པའི་སྡུག་བསྔལ
བསླུས་བཙོང་བྱེད་ཀྱི་སྒོར་མོ་ཡིན་ན
སྐལ་བར་བྲིས་པའི་ཉོ་ཚོང་མ་ཡིན་ནམ
ཡང་ན
ཁ་བ་ནི རང་ཉིད་སྦས་རྐོང་བྱེད་མ་ཐུབ་པའི་ཤེལ་སྒམ་ལོས་ཡིན
དུར་ཁྲོད་ཀྱི་ཆར་བའི་ཀློང་ན
འཇིགས་རུང་གི་དུས་རབས་ནི
ཉི་འོད་རྡོག་པོར་གཏོང་བྱེད་ཙམ
སུ་ཞིག་གི་གོང་ཁ་རུ
རང་ཉིད་ཡང་ཡང་སྒྲུག་དེའི
སླར་བཏུ་ཐུབ་མེད་པའི་ཆག་རོ་ཐམས་ཅད
དུར་ཁྲོད་ནས་ཁ་དོག་དུ་གྱུར་ཟིན
རླུང་གཡེབ་ཀྱི་བསྒུལ་བ་ལྟ་བུའི
རོལ་དབྱངས་ཀྱི་དྲངས་བ་ལྟ་བུའི
ཞོགས་པའི་ཁར་དྲུད་པའི་ཁུར་བོ
ང་ཚོ་རྒྱང་རིང་ལ་འཕེན་པའི་རྟེན་ས་ཉག་གཅིག
རང་གི་པང་ནས
ཁ་ཕྱོགས་བསྣོལ་བའི་གཞི་ཞིག་ངེས་གཏན་མེད་མོད
ཆགས་འཇིག་དང་ནད་ཡུམ་གྱིས
ང་ཚོ་རླངས་པ་བཞིན
དུར་ཁྲོད་ཀྱི་ངོས་ཟུར་ན་རྒྱུ
1.5
རྩོམ་ཁུངས། ངེད་དྲ་བ།