དངངས་སྐྲག

 

ཟུར་ནས་འོང་བའི་རླུང་བུ་དེའི
བདག་གི་སེམས་པ་བསྒུལ་བྱུང
ཆུ་ལོག་ཆེན་པོས
བདག་གི་མཚན་མོ་ཁུར་སོང
ང་རང་མཚན་མོ་ཡིན
མཐོ་ལྗོངས་ཀྱི་ཕང་བ་ནས་ང་རང་མགོ་བོ་འཁོར་སོང
དར་ཐོག་ཞིག་ནས་ཁྱི་སྨྱོན་ཞིག་གི་བདའ་བྱུང   
དབྱུག་པ་སོགས་ཅི་ཡང་མི་དགོས་པ་བསམ་གྱིན་ཡོད
 
རྒྱང་རིང་གི་བུ་ཆུང་དེའི
གསེར་མདོག་གི་རྨི་ལམ་ཁ་བའི་མནན
དྲན་གཤིས  ཉི་ཟེར་གྱི་ཀློང་ལ་འཐིམ
སྨྲ་སྒོ    རལ་གྲི་སོ་ཁ་ཡི་ཁྲག་ཐིགས་ལ་འཐིམ
ཤེལ་སྒོར་ཁ་དོག་མེད
མིག་ཟུང་གིས་སྒེའུ་ཁུང་ནང་གི་ཡུལ་ལྗོངས་མཐོང་བྱུང
ཆུ་མགོ་རྙེད་པ་དང
རྒྱ་མཚོ་མཐོང་བའང
དངངས་སྐྲག་གི་དུངས་རླབས་རིགས་ཤིག
མཐའ་མའི་ས་སྲོད་དེར་བལྟོས་ནས
ནག་ཐིག་རེ་རེར་བཙལ་ནས
ནག་ཐིགས་སུ་འཐིམ
 
ཐ་སྙད་ཀྱི་བཟུང་བའི་ཁྱེད་ཀྱི་ཡི་གེ
ལོ་རབས་ཀྱི་ཐམ་གས་མནན
༼ཇག་པ༽ སུ་སུ
རྒྱ་སྒོ་ལས་ཐར་བར་བཤད་ན
དེ་ནི་སྲོག་དང་འབྲེལ་བའི་བཤད་སྟངས་ཤིག
མེ་ལོང་དང་འཚིག་དྲི
མཚན་མོ་དང་ཡི་གེ
རང་ཉིད་གང་འགར་རྩེན་ཆོག་པའི་གླུ་ཆུང་དག་འང
དངངས་སྐྲག་གི་བཟུང
ཐ་ན་དཔྱིད་ཀ་ཡོངས་སྟངས་འང
དངངས་སྐྲག་གིས་བཟུང
 
                       2011-4-3ཉིན་གྱི་དགོང་མོར །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངངས་སྐྲག

2011-04-06 རླུང་བུ། ཀློག་གྲངས། མཆན ཡོད།

 

ཟུར་ནས་འོང་བའི་རླུང་བུ་དེའི
བདག་གི་སེམས་པ་བསྒུལ་བྱུང
ཆུ་ལོག་ཆེན་པོས
བདག་གི་མཚན་མོ་ཁུར་སོང
ང་རང་མཚན་མོ་ཡིན
མཐོ་ལྗོངས་ཀྱི་ཕང་བ་ནས་ང་རང་མགོ་བོ་འཁོར་སོང
དར་ཐོག་ཞིག་ནས་ཁྱི་སྨྱོན་ཞིག་གི་བདའ་བྱུང   
དབྱུག་པ་སོགས་ཅི་ཡང་མི་དགོས་པ་བསམ་གྱིན་ཡོད
 
རྒྱང་རིང་གི་བུ་ཆུང་དེའི
གསེར་མདོག་གི་རྨི་ལམ་ཁ་བའི་མནན
དྲན་གཤིས  ཉི་ཟེར་གྱི་ཀློང་ལ་འཐིམ
སྨྲ་སྒོ    རལ་གྲི་སོ་ཁ་ཡི་ཁྲག་ཐིགས་ལ་འཐིམ
ཤེལ་སྒོར་ཁ་དོག་མེད
མིག་ཟུང་གིས་སྒེའུ་ཁུང་ནང་གི་ཡུལ་ལྗོངས་མཐོང་བྱུང
ཆུ་མགོ་རྙེད་པ་དང
རྒྱ་མཚོ་མཐོང་བའང
དངངས་སྐྲག་གི་དུངས་རླབས་རིགས་ཤིག
མཐའ་མའི་ས་སྲོད་དེར་བལྟོས་ནས
ནག་ཐིག་རེ་རེར་བཙལ་ནས
ནག་ཐིགས་སུ་འཐིམ
 
ཐ་སྙད་ཀྱི་བཟུང་བའི་ཁྱེད་ཀྱི་ཡི་གེ
ལོ་རབས་ཀྱི་ཐམ་གས་མནན
༼ཇག་པ༽ སུ་སུ
རྒྱ་སྒོ་ལས་ཐར་བར་བཤད་ན
དེ་ནི་སྲོག་དང་འབྲེལ་བའི་བཤད་སྟངས་ཤིག
མེ་ལོང་དང་འཚིག་དྲི
མཚན་མོ་དང་ཡི་གེ
རང་ཉིད་གང་འགར་རྩེན་ཆོག་པའི་གླུ་ཆུང་དག་འང
དངངས་སྐྲག་གི་བཟུང
ཐ་ན་དཔྱིད་ཀ་ཡོངས་སྟངས་འང
དངངས་སྐྲག་གིས་བཟུང
 
                       2011-4-3ཉིན་གྱི་དགོང་མོར །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།