དུས་ལས་ཡོལ་བའི་སྡོམ་གྱི་རྨི་ལམ།

 

སྡོམ་ཞིག་གིས་སྔོ་ཞིང་བསངས་བའི་ནམ་མཁའ་ལ་བལྟས་ཏེ
སྔོ་ཞིང་བསངས་པའི་ཕ་རོལ་དུ་སྔར་བཞིན་སྟོང་ཤུར་ཤུར་ཞིག་ཡིན་ནམ་སྙམ
སྡོམ་ཞིག་གློ་བུར་བའི་རླུང་གིས་ཁྱེར་ནས་སྡུག་བསྔལ་གྱི་ཟབ་སར་ལྷུང
དུས་ཚོད་ཀྱི་བཞུར་རྒྱུན་གྱིས་བཟོས་བའི་གཅོང་རོང་དེའི་ཕ་རོལ་དུ
སྡོམ་གྱིས་སྔོ་ཞིང་བསངས་པའི་སྡུག་བསྔལ་གྱི་ངོ་བོ་རྙེད
་་་            ་་་            ་་་
སྡོམ་གྱིས་འཆར་གཞི་མ་ཡིན་པའི་འཆར་གཞི་ཞིག་བཀོད
སྡོམ་གྱིས་རང་ཉིད་ལ་བརྟོལ་མི་ཚར་བའི་དྲ་རྒྱ་མང་བོ་ཞིག་བཟོས
སྡོམ་རང་ཉིད་ཀྱིས་ཀྱང་བརྟོལ་མི་ཚར་བའི་དྲ་རྒྱ་མང་བོ་ཞིག་བཟོས
སྡོམ་གྱིས་འཆི་བ་ལས་ཀྱང་སྐྱི་གཡའ་བའི་ཁེར་རྐྱང་དེ་མཐོང་སོང
སྡོམ་གྱིས་ཉི་མར་ལྡེ་བཞིན་འཆི་བ་ལས་ཀྱང་སྐྱི་གཡའ་བའི་ཁེར་རྐྱང་དེ་མཐོང་སོང
 ་་་             ་་་             ་་་
ཉིན་ཞིག    སྡོམ་དེ་དབང་མེད་དུ་བརྡོལ་བའི་མིག་ཆུའི་ཤ་འོད་ཀྱིས་ཁུར་ནས་དུས་ཚོད་ཀྱི་གཅོང་རོང་དུ་བརྫངས
དུས་དེ་ནས་བཟུང་ཉི་འོད་ཀྱིས་ཡུན་རིང་བསྐམས་པའི་རྩིག་ལྡེབས་སུ་སྡོམ་ཞིག་གར་སོང་ཆ་མེད་དུ་གྱུར
ཉིན་ཞིག     ས་རྡུལ་གྱིས་ནོན་པའི་སྡོམ་རྒྱ་དེའང་རླུང་གིས་བར་སྣང་དུ་ཁྱེར
རྙིང་གོག་དུ་གྱུར་བའི་གཏམ་རྒྱུད་ཅིག་མི་རྣམས་ཀྱིས་དུས་དེ་ནས་བཟུང་གཏན་དུ་
བརྗེད་ཟིན
 
                                      2010.09.08 རང་ཤག་དུ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ལས་ཡོལ་བའི་སྡོམ་གྱི་རྨི་ལམ།

2011-04-06 ཁྲོ་ཐུང་།༼ལྷ་ས༽ ཀློག་གྲངས། མཆན ཡོད།

 

སྡོམ་ཞིག་གིས་སྔོ་ཞིང་བསངས་བའི་ནམ་མཁའ་ལ་བལྟས་ཏེ
སྔོ་ཞིང་བསངས་པའི་ཕ་རོལ་དུ་སྔར་བཞིན་སྟོང་ཤུར་ཤུར་ཞིག་ཡིན་ནམ་སྙམ
སྡོམ་ཞིག་གློ་བུར་བའི་རླུང་གིས་ཁྱེར་ནས་སྡུག་བསྔལ་གྱི་ཟབ་སར་ལྷུང
དུས་ཚོད་ཀྱི་བཞུར་རྒྱུན་གྱིས་བཟོས་བའི་གཅོང་རོང་དེའི་ཕ་རོལ་དུ
སྡོམ་གྱིས་སྔོ་ཞིང་བསངས་པའི་སྡུག་བསྔལ་གྱི་ངོ་བོ་རྙེད
་་་            ་་་            ་་་
སྡོམ་གྱིས་འཆར་གཞི་མ་ཡིན་པའི་འཆར་གཞི་ཞིག་བཀོད
སྡོམ་གྱིས་རང་ཉིད་ལ་བརྟོལ་མི་ཚར་བའི་དྲ་རྒྱ་མང་བོ་ཞིག་བཟོས
སྡོམ་རང་ཉིད་ཀྱིས་ཀྱང་བརྟོལ་མི་ཚར་བའི་དྲ་རྒྱ་མང་བོ་ཞིག་བཟོས
སྡོམ་གྱིས་འཆི་བ་ལས་ཀྱང་སྐྱི་གཡའ་བའི་ཁེར་རྐྱང་དེ་མཐོང་སོང
སྡོམ་གྱིས་ཉི་མར་ལྡེ་བཞིན་འཆི་བ་ལས་ཀྱང་སྐྱི་གཡའ་བའི་ཁེར་རྐྱང་དེ་མཐོང་སོང
 ་་་             ་་་             ་་་
ཉིན་ཞིག    སྡོམ་དེ་དབང་མེད་དུ་བརྡོལ་བའི་མིག་ཆུའི་ཤ་འོད་ཀྱིས་ཁུར་ནས་དུས་ཚོད་ཀྱི་གཅོང་རོང་དུ་བརྫངས
དུས་དེ་ནས་བཟུང་ཉི་འོད་ཀྱིས་ཡུན་རིང་བསྐམས་པའི་རྩིག་ལྡེབས་སུ་སྡོམ་ཞིག་གར་སོང་ཆ་མེད་དུ་གྱུར
ཉིན་ཞིག     ས་རྡུལ་གྱིས་ནོན་པའི་སྡོམ་རྒྱ་དེའང་རླུང་གིས་བར་སྣང་དུ་ཁྱེར
རྙིང་གོག་དུ་གྱུར་བའི་གཏམ་རྒྱུད་ཅིག་མི་རྣམས་ཀྱིས་དུས་དེ་ནས་བཟུང་གཏན་དུ་
བརྗེད་ཟིན
 
                                      2010.09.08 རང་ཤག་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།