རྫ་གོག་ཅིག་དང་དེའི་ནང་གི་རྙིད་ཟིན་པའི་མེ་ཏོག
ཐག་མི་རིང་བའི་ཁྱོད་ཀྱི་མཐོང་ལམ་དུ་རྙིད་ཟིན་པའི་མེ་ཏོག་ཅིག་བཞག་འདུག
རྫ་ཁོག་ནང་གི་བརླན་གཤེར་གྱི་ཚོར་ཤེས་དག་ཉམས་ནས་རིང་བོ་འགོར་སོང
འཁྱགས་པ་ཐེབས་པའི་སྐད་ཆ་དག་མིད་པ་ནས་ཕྱུངས་ཐབས་བྲལ་དུས
དུས་ཚོད་ཀྱི་རྒས་ཉམས་མཚོན་པའི་ཐ་སྙད་ཁ་ཤས་ཀྱང་ཡིད་ལ་ག་ལེར་དྲན་བྱུང
ནག་པོར་གྱུར་བའི་མེ་ཏོག་གི་འདབ་མ་དང་འདབ་མའི་སྟེང་གི་ལྕགས་ཚེར
ཁྱེད་ཀྱིས་ཡུན་རིང་བསམ་བློ་བཏང་རྗེས་སྔར་བཞིན་དྲི་ལན་མེད་པའི་རྙོག་དྲ་དེ་ཚོ
སྐྱུར་རྩི་དང་འདྲེས་པའི་ཚོར་བ་ཟ་ཟིའི་ཁྲོད་བུད་མེད་ཁ་ཤས་ཀྱི་ཆགས་གཏམ་ཀྱང་དྲན་སྲིད
རྫ་གོག་དང་དེའི་ནང་གི་རྙིད་ཟིན་པའི་མེ་ཏོག་ཅིག་ཁྱོད་ཀྱི་སྒེའུ་ཁུང་འགྲམ་དུ་ཡུན་རིང་བཞག་སོང

དྲན་ཤེས་ཀྱི་རྩིག་ལྡེབས་སུ་དུད་དྲེགས་བཞིན་ཆགས་པའི་འདས་པའི་ལོ་ཟླ་རིང་མོ…
རྩིག་ལྡེབས་ཀྱི་ཚེས་ཐོ་རེ་རེ་བཞིན་འཛད་ཅིང་ཁྱོད་ཀྱི་སྐྲ་ལོའང་ཐེངས་འགར་བཞར་ན་ཡང
རྫ་མའི་ནང་གི་མེ་ཏོག་ལ་བདག་པོ་རྒྱག་མཁན་སུ་ཡང་མ་བྱུང
ཁྱོད་ཀྱིས་ཧ་ཅང་གཟབ་ནན་གྱི་མཆུ་ཏོ་བརྐྱངས་ཏེ་དབུགས་ཐེངས་ཤིག་རྔུབ
ཉིན་རེའི་ཐ་མག་གི་འགྲོ་སོང་བརྩིས་རྗེས་ཁྱོད་རང་གསང་སྤྱོད་ཁང་དུ་འགྲོ་ངེས་ཤིང
སླར་ལོག་ནས་ཡང་བསྐྱར་ཐ་མག་རྐང་གཅིག་ཇི་ལྟར་སྦར་འགྲོ་ཚུལ་ལ་རོལ
རྫ་གོག་དེ་དང་རྙིད་ཟིན་པའི་མེ་ཏོག་ཅིག་ཁྱོད་ཀྱི་སྒེའུ་ཁུང་འགྲམ་དུ་ཡུན་རིང་བཞག་སོང
སྐབས་དེར་རྣོ་གཏར་དང་ལྕགས་འབིག་ཐོགས་པའི་འབུ་སྲིན་དག་གིས་ཀུ་ཅོ་དང་བཅས་ཁྱོད་ཀྱི་སྒོ་ཁྲོག་ཁྲོག་ཏུ་བརྡུངས་བྱུང
ཁྱོད་ཀྱིས་མིག་ལྕིབས་ཡར་བཏེགས་ནས་ཚེས་ཐོ་ལ་ལྟ་ཙམ་བྱས་པ་ན
སངས་རྒྱས་འདས་ནས་མི་ལོ་ལྔ་སྟོང་དྲུག་བརྒྱ་ཞེ་དྲུག་ཕྱིན་འདུག

2009.05.06
རྩོམ་ཁུངས། ངེད་དྲ་བ།