ཁེར་རྐྱང་གི་ཕྱི་ནང་།
ཁེར་རྐྱང་གི་གློག་འོད
ཁེར་རྐྱང་གི་མིག་ལ་འཕྲོས
རྣ་རྩེ་ནས
ཁེར་རྐྱང་གི་དྲིལ་བུ་བཞུར
ཁེར་རྐྱང་ལྷམ་མཐིལ་དུ་འབྱར
ཁེར་རྐྱང་ཟ་མ་རུ་འབུས
ཁེར་རྐྱང་ཁོག་ཏུ་མིད
མཚམས་སྤྲིན་ལ་ཁེར་རྐྱང་གི་གཤོག་པ་ཐོགས
དར་ལྕོག་ཁེར་རྐྱང་དུ་ལྷབ་ལྷུབ་གཡོ
རྩྭ་གསེབ་ཏུ་རླུང་གཡུག
ཟིལ་ཆུ་དང་ཁེར་རྐྱང་ལ་མེ་ཏོག་བཞད
གོམ་པ་ཁེར་རྐྱང་གིས་དྲུད
ལག་པ་ཁེར་རྐྱང་གིས་བཙུར
ཁེར་རྐྱང་མགོ་བོ་ལ་འཐིམ
༢༠༡༡ལོའི་ཟླ་༣པའི་ཚེས་༢༩ཉིན་ལན་གྲུར།
རྩོམ་ཁུངས། ངེད་དྲ་བ།