སེམས་ཚོར།
མེ་ཏོག་ཞིག་གི་བཀྲགས་མདངས་བདག་གི་སྙིང་ལ་ཟུག་དུས
ཡབ་ཆེན་གྱི་བྲང་གཞོང་ལྟ་བུའི
ཡུམ་ཆེན་གྱི་བྲལ་བ་ལྟ་བུའི
ནམ་ཡང་མཐོང་མྱོང་བའི་ཐ་སྙད་དེ་དག་དང་མི་འདྲ་བའི་
མིང་ཚིག་བློ་ངོར་མི་ཤོང་བ་འགས་བདག་གི་བྲང་ཁོག་ལ་ཧམ་སྙོབས་བྱེད་དུས
ས་ཆེན་འདི་ང་ཁོ་ནའི་མིན་པ་གཞི་ནས་དྲན་བྱུང
རྩོམ་ཁུངས། ངེད་དྲ་བ།