ཐ་སྙད་མཐོང་ཚུལ།
བདག་གིས་སྲང་ལམ་མང་པོ་བརྒྱུད་ནས
རླངས་འཁོར་མང་པོའི་གསེབ་ནས
ཐ་སྙད་ཅིག་མཐོང་བྱུང
གཡག་རྒན་ཞིག་གི་ཁལ་མ་ཁུར་བ་ལྟར་འགྲོ་བཞིན་འདུག
བདག་གིས་ཡིག་རིགས་མང་པོ་བརྒྱུད་ནས
སྒོ་བྱང་མང་པོའི་གསེབ་ནས
ཐ་སྙད་ཅིག་མཐོང་བྱུང
གྲོང་ཆར་ཆེན་པོ་ཞིག་གི་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་བྱང་ནས
ཐ་སྙད་ཅིག་མཐོང་བྱུང
སེམས་ཁུར་ཆེ་བའི་རྒན་མོ་ཞིག་དང་འདྲ་བོ་འདུག
ས་ཆ་ཆ་མེད་ཅིག་ནས
རང་གི་ཕ་ལགས་ལ་འཕྲད་པ་དང་འདྲ་བོ་འདུག
རང་གི་སྲིང་མོ་ལ་འཕྲད་པ་དང་འདྲ་བོ་འདུག
2011-3-30
རྩོམ་ཁུངས། ངེད་དྲ་བ།