ཁ་སང་དེ་རིང་ལ།
ཁ་སང་དེ་རིང་ལ
མེ་དྲོད་ཀྱིས་ལྷན་པའི་སེམས་པ
བྲག་བར་ཞིག་ནས་ཡར་ལ་མཆེད་གིན་ཡོད
ཁ་སང་དེ་རིང་ལ
རྟ་ཕོའི་རྨིག་རྗེས་ཀྱི་བསམ་གཞིག་རེ་རེ་ནས
དྭངས་གཙང་གི་ཆུ་མགོ་ཞིག་འཚོལ་གྱིན་ཡོད
ཁ་སང་དེ་རིང་ལ
བསྲེགས་དྲི་འཐུལ་བའི་ཐ་གུ་དེ་ལ་ལྟ་བཞིན
ངས་རང་གི་ལག་པ་ཇི་ལྟར་སྲུང་བ་ལ་འདང་རྒྱག་གིན་ཡོད
ཁ་སང་དེ་རིང་ལ
ལྕགས་རའི་ནང་གི་གླིང་བུ་འབུད་མཁན་དེས
སྐྱོ་གར་གྱི་ཁོ་མནན་ཏེ་སྤྲོ་དབྱངས་ཀྱིས་དབུགས་ངལ་འབྱིན་པ་ཐོས
2010.7.11
རྩོམ་ཁུངས། ངེད་དྲ་བ།