ངའི་ཨ་མའི་ནུ་མ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-27

 

སད་དུས་མིག་ཟུང་ནས་རང་ཉིད་ཀྱིས་གཏན་དུ་བཙུགས་པའི་དར་ལྕོག་ཞིག་ལངས་འདུག
འདི་ནི་སྒེར་ཚུགས་དང་རང་བྱུང་གི་མཆོད་རྫས་ཞིག་མ་ཡིན་ཏེ
འདི་ནི་སའི་གོ་ལའི་སྟེང་ན་ཞབས་རྗེས་དང་ཁྲག་གི་ལུས་བའི་ལངས་གཟུགས་ཞིག་རེད།
ཡིད་འོང་གི་ཁྲོད་ན་མཛེས་སྡུག་བཞིན་བཞད་དེ་
སྨུག་ལོང་གི་ཁྲོད་ན་དུད་སྤྲིན་བཞིན་ཡལ་བཞིན
ཞེ་བསམ་པའི་གཏིང་ནས
ཨ་མ་ཞེས་བའི་མིང་དེ་ཐོག་མར་ཐོགས་བྱུང་།
ནམ་མཁའ་ན་ངོ་མཚར་གྱི་བྱ་ཁྱུ་ཡི་གཏམ་རྒྱུད་ཡོད།
ས་ཐོག་ནས་འཕྱོ་ལ་ཉེ་བའི་འགྲོ་མི་ཤེས་བའི་ང
ཨ་མས་རེ་སྒུག་གི་ཁྲོད་ནས་མིག་ཟུང་གི་སྒོ་གླེགས་དལ་གྱིས་རྡུང་དུས
ངས་ཁྱེད་ཀྱི་སྔས་འགྲམ་ནས་ཁྱོད་ལ་འཛུམ་དམུལ་གྱི་ཁ་བརྡ་ཞིག་བྱེད་མ་ཐུབ།
ཨ་མ་ནི་ཚེ་གང་གི་བདེ་སྐྱིད་ཞིག་རེད།
ཨ་མའི་ནུ་མ་ནི་ཡོད་ཚད་ཀྱི་ལོངས་སྤྱོད་ཞིག་རེད།
འོ་མ་དབེན་པའི་ནུ་མ་འདིའང་ཅི་འདྲའི་ཞིམ་པ་ལ
ང་ནི་འོ་མའི་དུས་ཀྱིས་བསྐྱངས་བའི་འབྲས་བུའང་མ་ཡིན་པར
ཡོ་བྱད་ལྟ་བུའི་ཁུ་ཚུར་རྡོག་པོ་ཞིག་རེད།
མིག་ཟུང་དང་ཅི་ཡང་མ་ལྷག་པའི་དུས་ཀྱི་སྔ་རྗེས་ནས་
གཅིག་རེ་གཉིས་རེ་བཞིན་སྡོང་ལོ་བཞིན་ཟགས་ཏེ་
ཨ་མའི་ནུ་མ་བྱིལ་བྱིལ་གཏོང་གིན
ནུ་མའི་ཁུང་བུ་ལས་ཁྲག་དཀར་བོ་དག་གིས
ང་ལ་མིག་ཆུ་མེད་ཀི་ཟེར་གི
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཨ་མའི་ནུ་མ།

2011-03-27 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

 

སད་དུས་མིག་ཟུང་ནས་རང་ཉིད་ཀྱིས་གཏན་དུ་བཙུགས་པའི་དར་ལྕོག་ཞིག་ལངས་འདུག
འདི་ནི་སྒེར་ཚུགས་དང་རང་བྱུང་གི་མཆོད་རྫས་ཞིག་མ་ཡིན་ཏེ
འདི་ནི་སའི་གོ་ལའི་སྟེང་ན་ཞབས་རྗེས་དང་ཁྲག་གི་ལུས་བའི་ལངས་གཟུགས་ཞིག་རེད།
ཡིད་འོང་གི་ཁྲོད་ན་མཛེས་སྡུག་བཞིན་བཞད་དེ་
སྨུག་ལོང་གི་ཁྲོད་ན་དུད་སྤྲིན་བཞིན་ཡལ་བཞིན
ཞེ་བསམ་པའི་གཏིང་ནས
ཨ་མ་ཞེས་བའི་མིང་དེ་ཐོག་མར་ཐོགས་བྱུང་།
ནམ་མཁའ་ན་ངོ་མཚར་གྱི་བྱ་ཁྱུ་ཡི་གཏམ་རྒྱུད་ཡོད།
ས་ཐོག་ནས་འཕྱོ་ལ་ཉེ་བའི་འགྲོ་མི་ཤེས་བའི་ང
ཨ་མས་རེ་སྒུག་གི་ཁྲོད་ནས་མིག་ཟུང་གི་སྒོ་གླེགས་དལ་གྱིས་རྡུང་དུས
ངས་ཁྱེད་ཀྱི་སྔས་འགྲམ་ནས་ཁྱོད་ལ་འཛུམ་དམུལ་གྱི་ཁ་བརྡ་ཞིག་བྱེད་མ་ཐུབ།
ཨ་མ་ནི་ཚེ་གང་གི་བདེ་སྐྱིད་ཞིག་རེད།
ཨ་མའི་ནུ་མ་ནི་ཡོད་ཚད་ཀྱི་ལོངས་སྤྱོད་ཞིག་རེད།
འོ་མ་དབེན་པའི་ནུ་མ་འདིའང་ཅི་འདྲའི་ཞིམ་པ་ལ
ང་ནི་འོ་མའི་དུས་ཀྱིས་བསྐྱངས་བའི་འབྲས་བུའང་མ་ཡིན་པར
ཡོ་བྱད་ལྟ་བུའི་ཁུ་ཚུར་རྡོག་པོ་ཞིག་རེད།
མིག་ཟུང་དང་ཅི་ཡང་མ་ལྷག་པའི་དུས་ཀྱི་སྔ་རྗེས་ནས་
གཅིག་རེ་གཉིས་རེ་བཞིན་སྡོང་ལོ་བཞིན་ཟགས་ཏེ་
ཨ་མའི་ནུ་མ་བྱིལ་བྱིལ་གཏོང་གིན
ནུ་མའི་ཁུང་བུ་ལས་ཁྲག་དཀར་བོ་དག་གིས
ང་ལ་མིག་ཆུ་མེད་ཀི་ཟེར་གི
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།