དྲིན་དྲན་ཡིད་ཀྱི་དབྱངས་རྟ།

ཁ་སྒང་སྟག་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-25


སྔོན་ལས་བག་ཆགས་མཐུག་པོ་དེས།།
བསླངས་པའི་ཚེ་འདིར་ཚ་བོ་ཡི།།
བསོད་ནམས་དགའ་བའི་སྙིང་གི་གཏམ།།
དྲིན་ཅན་སྤོ་བོས་ལན་ཅིག་གསོན།།
ཚེ་རབས་དུ་མར་བསགས་པའི་ཆོས།།
སྨིན་པ་མེད་ན་ཚེ་ཐོག་འདིར།།
ཁྱིམ་གཞི་གཅིག་ནས་འཛོམས་ཤིང་བརྟེན།།
སྐལ་བའི་ཉི་མ་ག་ལ་འཆར།།
ལྷག་པར་ཕ་མའི་ཚུལ་བཟུང་ནས།།
ཆུང་ནས་བྱམས་བརྩེ་དྲོད་ཁོལ་གྱིས།།
གཡས་ནས་སྐྱོར་ཞིང་གཡོན་ནས་འདེགས།།
མིག་འབྲས་སྙིང་ཡང་དམན་སར་བཀོད།།
བརྡ་དང་གོམ་འགྲོས་ཐུབ་ཙམ་ནས།།
ཁྱོད་ཀྱི་བྱམས་སྐྱོང་བསིལ་ཆར་དེས།།
གཉོམ་པའི་ལང་ཚོའི་ལྗང་གསར་གྱི།།
སྐྱེ་སྟོབས་ཁོ་ལག་རྒྱས་པར་མཛད།།
ལྷག་པར་འབྱུང་གཞི་འཁྲུགས་པ་ཡི།།
མི་འདོད་ནད་ཀྱིས་གཟིར་བའི་དུས།།
ན་ཟུག་རང་ལ་སྨིན་པའི་ཚུལ།།
ལེགས་འཆང་ནད་གཡོག་ཁྱོད་ལས་སུ།།
དགོན་དང་གྲོང་ཁྱེར་ཆེ་ཕྲས་མཚོན།།
ཆུང་ནས་མཇལ་སྐོར་ལྟད་མོར་བྱིན།།
བདག་གི་བྱིས་བློའི་མཚན་དབྱིངས་ལ།།
སྤྲོ་དགའི་སྐར་མའི་ཕྲ་ཚོན་བཏབ།།
བུ་ངའི་འཚོ་བའི་ཟུར་རེ་ནས།།
སེམས་ཀྱི་ལག་པས་དམ་བཟུང་བ།།
བུ་གཅིག་རྗེས་ལ་མ་ཡི་སེམས།།
འགོག་མེད་སྨྱོན་པའི་བརྟུལ་ཞུགས་བཟུང་།།
འཇིག་རྟེན་བརྩེ་བའི་བཅུད་བསྡུས་པ།།
ཁྱོད་ཀྱི་ཤ་ཚའི་སྙིང་གི་མགུར།།
ཁོ་བོའི་སྦྱངས་བརྩོན་དོ་ར་ནས།།
སྙན་སྙན་སེམས་ཀྱི་ཟབ་སར་གྱེར།།
ད་ནི་སྐྲ་ལོ་གཤིན་རྗེས་བཟུང་།།
གཟུགས་ཕུང་གཞུ་ལྟར་འཁྱོག་པར་བཀུག།
སྐད་ངག་མི་སྡུག་ལྡབ་ལྡིབ་སྨྲ།།
ཉི་ཤུའི་ལང་ཚོ་སུ་ཡིས་འཕྲོག།
དྲན་པའི་དུས་ཀྱི་ཉིན་མོ་ལ།།
ལྷ་ཕྲུག་ལྟ་བུའི་གཞོན་ཤ་རྒྱགས།།
བླ་མེད་དཔའ་སྣང་མཐོན་པོ་ཡིས།།
གཞལ་ཡས་ཕོ་བྲང་དམའ་མོར་ཕབ།།
གང་གི་བཀའ་དྲིན་ཉི་མའི་འོད།།
ཚེ་རབས་ཕྲེང་བར་མི་ནུབ་པར།།
གཡུང་དྲུང་རྡོ་རྗེ་རང་གཤིས་སུ།།
གྱུར་ཅིག་སྤོ་བོ་ཁྱེད་ཀྱིས་དགོངས།།
ཐུང་ལ་སྡུག་པའི་མི་ཚེ་འདིར།།
ཕ་མ་ལས་ཀྱང་དྲིན་མཐོ་བ།།
ཁྱོད་ཀྱི་ཚེ་ལོ་བསྐལ་བ་བརྒྱར།།
ཐུབ་པར་མཆོག་གསུམ་གྲོགས་སུ་ཤོག།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲིན་དྲན་ཡིད་ཀྱི་དབྱངས་རྟ།

2011-03-25 ཁ་སྒང་སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།


སྔོན་ལས་བག་ཆགས་མཐུག་པོ་དེས།།
བསླངས་པའི་ཚེ་འདིར་ཚ་བོ་ཡི།།
བསོད་ནམས་དགའ་བའི་སྙིང་གི་གཏམ།།
དྲིན་ཅན་སྤོ་བོས་ལན་ཅིག་གསོན།།
ཚེ་རབས་དུ་མར་བསགས་པའི་ཆོས།།
སྨིན་པ་མེད་ན་ཚེ་ཐོག་འདིར།།
ཁྱིམ་གཞི་གཅིག་ནས་འཛོམས་ཤིང་བརྟེན།།
སྐལ་བའི་ཉི་མ་ག་ལ་འཆར།།
ལྷག་པར་ཕ་མའི་ཚུལ་བཟུང་ནས།།
ཆུང་ནས་བྱམས་བརྩེ་དྲོད་ཁོལ་གྱིས།།
གཡས་ནས་སྐྱོར་ཞིང་གཡོན་ནས་འདེགས།།
མིག་འབྲས་སྙིང་ཡང་དམན་སར་བཀོད།།
བརྡ་དང་གོམ་འགྲོས་ཐུབ་ཙམ་ནས།།
ཁྱོད་ཀྱི་བྱམས་སྐྱོང་བསིལ་ཆར་དེས།།
གཉོམ་པའི་ལང་ཚོའི་ལྗང་གསར་གྱི།།
སྐྱེ་སྟོབས་ཁོ་ལག་རྒྱས་པར་མཛད།།
ལྷག་པར་འབྱུང་གཞི་འཁྲུགས་པ་ཡི།།
མི་འདོད་ནད་ཀྱིས་གཟིར་བའི་དུས།།
ན་ཟུག་རང་ལ་སྨིན་པའི་ཚུལ།།
ལེགས་འཆང་ནད་གཡོག་ཁྱོད་ལས་སུ།།
དགོན་དང་གྲོང་ཁྱེར་ཆེ་ཕྲས་མཚོན།།
ཆུང་ནས་མཇལ་སྐོར་ལྟད་མོར་བྱིན།།
བདག་གི་བྱིས་བློའི་མཚན་དབྱིངས་ལ།།
སྤྲོ་དགའི་སྐར་མའི་ཕྲ་ཚོན་བཏབ།།
བུ་ངའི་འཚོ་བའི་ཟུར་རེ་ནས།།
སེམས་ཀྱི་ལག་པས་དམ་བཟུང་བ།།
བུ་གཅིག་རྗེས་ལ་མ་ཡི་སེམས།།
འགོག་མེད་སྨྱོན་པའི་བརྟུལ་ཞུགས་བཟུང་།།
འཇིག་རྟེན་བརྩེ་བའི་བཅུད་བསྡུས་པ།།
ཁྱོད་ཀྱི་ཤ་ཚའི་སྙིང་གི་མགུར།།
ཁོ་བོའི་སྦྱངས་བརྩོན་དོ་ར་ནས།།
སྙན་སྙན་སེམས་ཀྱི་ཟབ་སར་གྱེར།།
ད་ནི་སྐྲ་ལོ་གཤིན་རྗེས་བཟུང་།།
གཟུགས་ཕུང་གཞུ་ལྟར་འཁྱོག་པར་བཀུག།
སྐད་ངག་མི་སྡུག་ལྡབ་ལྡིབ་སྨྲ།།
ཉི་ཤུའི་ལང་ཚོ་སུ་ཡིས་འཕྲོག།
དྲན་པའི་དུས་ཀྱི་ཉིན་མོ་ལ།།
ལྷ་ཕྲུག་ལྟ་བུའི་གཞོན་ཤ་རྒྱགས།།
བླ་མེད་དཔའ་སྣང་མཐོན་པོ་ཡིས།།
གཞལ་ཡས་ཕོ་བྲང་དམའ་མོར་ཕབ།།
གང་གི་བཀའ་དྲིན་ཉི་མའི་འོད།།
ཚེ་རབས་ཕྲེང་བར་མི་ནུབ་པར།།
གཡུང་དྲུང་རྡོ་རྗེ་རང་གཤིས་སུ།།
གྱུར་ཅིག་སྤོ་བོ་ཁྱེད་ཀྱིས་དགོངས།།
ཐུང་ལ་སྡུག་པའི་མི་ཚེ་འདིར།།
ཕ་མ་ལས་ཀྱང་དྲིན་མཐོ་བ།།
ཁྱོད་ཀྱི་ཚེ་ལོ་བསྐལ་བ་བརྒྱར།།
ཐུབ་པར་མཆོག་གསུམ་གྲོགས་སུ་ཤོག།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།