དྭངས་གཙང་གི་ནམ་མཁའ་དྲན་པ།
སྲོད་ཁའི་མཚམས་སྤྲིན་གྱི་འཛུམ་མདངས་ལ་མིག་ཟུང་བཏེགས་ནས
བསིལ་རླུང་གིས་སྐྱོད་པའི་སྡོང་ལོ
དུས་ཚོད་སྐར་ཆ་ཅི་ཙམ་འགོར
སྨག་རུམ་གྱི་མགྲིན་པར་འཁྱིལ་བའི་གྲོང་ཁྱེར
མཛེས་མའི་མིག་ཟུང་ལྟ་བུའི་གློག་སྒྲོན་འགའ་རེས་འོད་སྣང་གི་བྲོ་གར་རྩེན
ངས་ཡང་བསྐྱར་ཕ་ཡུལ་གྱི་རྩྭ་ཐང་དང་སྦྲ་ནག་ལ་མགོ་བོ་གླན
དྲན་པ་གློ་བུར་བ་ཞིག་གི་ཕ་མཐའ་ན
མཛའ་མོས་སྣ་གླུ་ཐན་ཐུན་གྱི་འགྱུར་ཁུག་ལ་རྣ་བ་བསྲིངས
སེམས་པ་རླུང་བུས་དེད་ནས་གྲོང་ཁྱེར་གྱི་མཁའ་དབྱིངས་བསྙེགས
ངས་ཡང་བསྐྱར་དྭངས་གཙང་གི་ནམ་མཁའ་དྲན
ངས་ཡང་བསྐྱར་དྭངས་གཙང་གི་ནམ་མཁའ་དྲན
2011/3/17 ཉིན།
རྩོམ་ཁུངས། ངེད་དྲ་བ།