བློས་འགེལ་མེད་པའི་སྐྱབས་ཡུལ།

ལབ་ཚེ་རིང་།༼དར་མདོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-18

 

རང་སེམས་གཙང་ཆབ་རྒྱུན་གྱིས་ཁྲུས་ཀྱང༌།།
ར་རོ་ལོག་འཚོ་ལྔ་ཡིས་དབྱེན་སྦྱོར་ན།།
བདེན་དོན་ཚད་མའི་གཞལ་བའི་མཐུ་དཔྱོད་དེ།།
རྒྱུ་འབྲས་རྒྱ་མའི་སྟེང་ནས་ལྕི་ཡང་ཤོར།།
 
བསྐུལ་སློང་མན་ངག་བསྩལ་བའི་བཞེན་པ་དེ།།
ཐོས་མེད་ཕྱི་བཤོལ་དབང་དུ་འོབས་ཀྱིས་ལྕེབས།།
དྲང་བདེན་རྗེན་དུ་ཕུད་ཀྱང་འཆལ་གཏམ་གྱིས།།
སྒྲོ་སྐུར་གྱེན་ལ་ཀེར་བཞིན་རྨོངས་ལ་དད།།
 
རྡོ་རྗེ་དམ་བཅའ་ཚིག་གི་ལྡེབས་ལ་བརྐོས་ཀྱང༌།།
ཡིད་ཆེས་དམར་བོ་སྙིང་ལ་རུམ་ཐབས་དབེན།།
འཕྲལ་འགྱུར་མཛའ་གཤིས་རུལ་བའི་དྲི་ངན་དེ།།
རྩེ་མོ་བཅད་ཀྱང་རྩ་བ་འདོར་མ་བྱུང༌།།
 
བཙན་གྱིས་ལྟུང་བའི་མིག་ཆུའི་རྒྱུན་ཐག་ཐུང།།
འཕྱས་གདེགས་སྤངས་བླང་མཛོལ་བའི་བློ་མིག་ལྡོངས།།
དཀའ་བསགས་ནོར་བའི་རྒྱན་མཚན་དམའ་རུ་འབེབས།།
སྐལ་སྙིགས་དྲ་བས་འཛིང་བས་བསམ་གཞིགས་རྙོག།
 
བྱུང་རྒྱལ་སྨྲ་ལྕེ་མྱུར་བའི་སྤྲེལ་ལད་ཀྱིས།།
འདང་བརྩེ་བྲན་དུ་གཡོག་པའི་སྒྱུ་འཕྲུལ་མཁས།།
འཛུམ་གྱིས་བླུས་པའི་གཅམ་གསག་ངོ་དགའ་ཡིས།།
མུན་ནག་དོང་ཁར་འདེད་པའི་ཕུགས་བརྟན་དཀོན།།
 
བློ་མིག་ཁབ་རྩེ་འབིགས་པའི་ཟོལ་སྦྱོར་གྱིས།།
བློ་ལ་ཉེ་རིང་འཁྱེར་བའི་གཏད་སོ་བྲལ།།
བློ་སེམས་གཞུ་ལ་འགུགས་པའི་ཉེས་བ་དེས།།
བློ་རྩེ་གཅིག་ལ་མི་ཞོག་དཀྲུགས་ཤིང་ཡིན།།
 
བསམ་པའི་དྲན་ཤེས་མི་རྟག་ཆོས་ཀྱིས་ཞེན།།
མི་ཡུལ་བྱམས་པའི་དུངས་བ་འཕན་ཟེལ་སྟོར།།
དྲིན་གཟོ་བསྐྱུད་པའི་སྣང་ཡུལ་རྒྱུ་ལ་རྔམ།།
སྐྱུག་མེར་བདོག་པའི་དུས་འདིའི་མཚང་བ་བརྗོད།།
 
འཁྲུལ་ཤེས་མངོན་ལྐོག་འཚུད་པའི་གཡོ་ཅན་འོག།
ངེས་མེད་རང་སྲོག་ལྕེབས་པའི་བླུན་པོ་མོད།།
དྲན་པ་ཀློང་རིམ་ཉུལ་བའི་བློས་བསླང་དེས།།
ཅི་ཡིན་ངེས་ཚིག་བཟློ་བའི་ཉམས་སད་ཙམ།།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བློས་འགེལ་མེད་པའི་སྐྱབས་ཡུལ།

2011-05-18 ལབ་ཚེ་རིང་།༼དར་མདོ༽ ཀློག་གྲངས། མཆན ཡོད།

 

རང་སེམས་གཙང་ཆབ་རྒྱུན་གྱིས་ཁྲུས་ཀྱང༌།།
ར་རོ་ལོག་འཚོ་ལྔ་ཡིས་དབྱེན་སྦྱོར་ན།།
བདེན་དོན་ཚད་མའི་གཞལ་བའི་མཐུ་དཔྱོད་དེ།།
རྒྱུ་འབྲས་རྒྱ་མའི་སྟེང་ནས་ལྕི་ཡང་ཤོར།།
 
བསྐུལ་སློང་མན་ངག་བསྩལ་བའི་བཞེན་པ་དེ།།
ཐོས་མེད་ཕྱི་བཤོལ་དབང་དུ་འོབས་ཀྱིས་ལྕེབས།།
དྲང་བདེན་རྗེན་དུ་ཕུད་ཀྱང་འཆལ་གཏམ་གྱིས།།
སྒྲོ་སྐུར་གྱེན་ལ་ཀེར་བཞིན་རྨོངས་ལ་དད།།
 
རྡོ་རྗེ་དམ་བཅའ་ཚིག་གི་ལྡེབས་ལ་བརྐོས་ཀྱང༌།།
ཡིད་ཆེས་དམར་བོ་སྙིང་ལ་རུམ་ཐབས་དབེན།།
འཕྲལ་འགྱུར་མཛའ་གཤིས་རུལ་བའི་དྲི་ངན་དེ།།
རྩེ་མོ་བཅད་ཀྱང་རྩ་བ་འདོར་མ་བྱུང༌།།
 
བཙན་གྱིས་ལྟུང་བའི་མིག་ཆུའི་རྒྱུན་ཐག་ཐུང།།
འཕྱས་གདེགས་སྤངས་བླང་མཛོལ་བའི་བློ་མིག་ལྡོངས།།
དཀའ་བསགས་ནོར་བའི་རྒྱན་མཚན་དམའ་རུ་འབེབས།།
སྐལ་སྙིགས་དྲ་བས་འཛིང་བས་བསམ་གཞིགས་རྙོག།
 
བྱུང་རྒྱལ་སྨྲ་ལྕེ་མྱུར་བའི་སྤྲེལ་ལད་ཀྱིས།།
འདང་བརྩེ་བྲན་དུ་གཡོག་པའི་སྒྱུ་འཕྲུལ་མཁས།།
འཛུམ་གྱིས་བླུས་པའི་གཅམ་གསག་ངོ་དགའ་ཡིས།།
མུན་ནག་དོང་ཁར་འདེད་པའི་ཕུགས་བརྟན་དཀོན།།
 
བློ་མིག་ཁབ་རྩེ་འབིགས་པའི་ཟོལ་སྦྱོར་གྱིས།།
བློ་ལ་ཉེ་རིང་འཁྱེར་བའི་གཏད་སོ་བྲལ།།
བློ་སེམས་གཞུ་ལ་འགུགས་པའི་ཉེས་བ་དེས།།
བློ་རྩེ་གཅིག་ལ་མི་ཞོག་དཀྲུགས་ཤིང་ཡིན།།
 
བསམ་པའི་དྲན་ཤེས་མི་རྟག་ཆོས་ཀྱིས་ཞེན།།
མི་ཡུལ་བྱམས་པའི་དུངས་བ་འཕན་ཟེལ་སྟོར།།
དྲིན་གཟོ་བསྐྱུད་པའི་སྣང་ཡུལ་རྒྱུ་ལ་རྔམ།།
སྐྱུག་མེར་བདོག་པའི་དུས་འདིའི་མཚང་བ་བརྗོད།།
 
འཁྲུལ་ཤེས་མངོན་ལྐོག་འཚུད་པའི་གཡོ་ཅན་འོག།
ངེས་མེད་རང་སྲོག་ལྕེབས་པའི་བླུན་པོ་མོད།།
དྲན་པ་ཀློང་རིམ་ཉུལ་བའི་བློས་བསླང་དེས།།
ཅི་ཡིན་ངེས་ཚིག་བཟློ་བའི་ཉམས་སད་ཙམ།།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།