འདྲི་གཅོད།

 

སྐད་ཆའི་གསེང་དུ་སྦས་པའི་ཚིག་འབྲུ
ཁ་པར་གྱི་སྐུད་སྣེ་རུ་དཔྱངས
མི་སེམས་ཀྱི་གསང་བ
འཁོར་སྐར་གྱི་བསྡུས་གཟུགས་སུ་བསྟིམས
ལག་པ་བསྲིང་སའི་ནམ་མཁའ
མེ་རི་ཞིག་གི་བསྟིངས་ཚིག་ཏུ་ཐིམ
ས་ཁྲའི་སྟེང་གི་རི་མོ
ཕོ་བྲང་གི་མེ་ལོང་ངོས་སུ་ཤར
ཞྭ་མོ་ཐེད་པོ་ཞིག་གི་ཟུར་ན
ཐིགས་ཆུ་འཛག་གིན་འདུག
གདོང་གི་གཉེར་མའི་གསེབ
གསང་ཚིག་གི་མདུད་པ་གྲོལ
ནམ་མཁའ་ཞིག་ཡོད་དམ
ས་གཞི་ཞིག་ཡོད་དམ
མེ་ཏོག་ཅིག་ཡོད་དམ
གསང་བ་ཞིག་ཡོད་དམ
འཇིག་རྟེན་ནི་རླུང་གིས་ཁུར་ཆོག
རྒྱལ་ཁབ་ནི་མེ་ལ་སྒྲོན་ཆོག
ཚེ་སྲོག་ནི་རྡུལ་དུ་བརླག་ཆོག
གཟུགས་སུ་གྲུབ་པ་ཚང་མ
སུ་ལའང་མི་དབང
ཇ་ཕོར་ནང་གི་ཆུ་ཁོལ
བཙག་དང་བསེར་བུས་བསྡམས
དཀར་ཡོལ་ནང་གི་རྩམ་པ
ལྷགས་རླུང་གིས་གཏོར
ང་ལ་དབང་བ་དེ་གང
ང་ལ་ཐོབ་པ་དེ་ཅི
ཡིག་ཆའི་གསེང་གི་དགྲ་བོ་དག
གདོང་འབག་གྱོན་པའི་མིག་དབང
སུ་ཡིན་ལ་དོགས་ཟོན་བྱ་དགོས་སམ
གང་དུ་འགྲོ་བར་རྒྱང་མཐོང་འཛུགས་དགོས
ཨ་མ་ཁྱོད་ལ་དབང་བའི་སྦྲ་ནག་གྲུ་བཞི
སད་དང་བསེར་བུས་བཅོམ་སྲིད 
རླུང་དང་བུ་ཡུག་གིས་འདེད་སྲིད
ང་ལ་འཐོབ་འོས་པ་དེ་གང་དག
ཁྱོད་ལ་འཇོག་རུང་བ་དེ་ཅི་མཆིས
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདྲི་གཅོད།

2011-05-18 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

 

སྐད་ཆའི་གསེང་དུ་སྦས་པའི་ཚིག་འབྲུ
ཁ་པར་གྱི་སྐུད་སྣེ་རུ་དཔྱངས
མི་སེམས་ཀྱི་གསང་བ
འཁོར་སྐར་གྱི་བསྡུས་གཟུགས་སུ་བསྟིམས
ལག་པ་བསྲིང་སའི་ནམ་མཁའ
མེ་རི་ཞིག་གི་བསྟིངས་ཚིག་ཏུ་ཐིམ
ས་ཁྲའི་སྟེང་གི་རི་མོ
ཕོ་བྲང་གི་མེ་ལོང་ངོས་སུ་ཤར
ཞྭ་མོ་ཐེད་པོ་ཞིག་གི་ཟུར་ན
ཐིགས་ཆུ་འཛག་གིན་འདུག
གདོང་གི་གཉེར་མའི་གསེབ
གསང་ཚིག་གི་མདུད་པ་གྲོལ
ནམ་མཁའ་ཞིག་ཡོད་དམ
ས་གཞི་ཞིག་ཡོད་དམ
མེ་ཏོག་ཅིག་ཡོད་དམ
གསང་བ་ཞིག་ཡོད་དམ
འཇིག་རྟེན་ནི་རླུང་གིས་ཁུར་ཆོག
རྒྱལ་ཁབ་ནི་མེ་ལ་སྒྲོན་ཆོག
ཚེ་སྲོག་ནི་རྡུལ་དུ་བརླག་ཆོག
གཟུགས་སུ་གྲུབ་པ་ཚང་མ
སུ་ལའང་མི་དབང
ཇ་ཕོར་ནང་གི་ཆུ་ཁོལ
བཙག་དང་བསེར་བུས་བསྡམས
དཀར་ཡོལ་ནང་གི་རྩམ་པ
ལྷགས་རླུང་གིས་གཏོར
ང་ལ་དབང་བ་དེ་གང
ང་ལ་ཐོབ་པ་དེ་ཅི
ཡིག་ཆའི་གསེང་གི་དགྲ་བོ་དག
གདོང་འབག་གྱོན་པའི་མིག་དབང
སུ་ཡིན་ལ་དོགས་ཟོན་བྱ་དགོས་སམ
གང་དུ་འགྲོ་བར་རྒྱང་མཐོང་འཛུགས་དགོས
ཨ་མ་ཁྱོད་ལ་དབང་བའི་སྦྲ་ནག་གྲུ་བཞི
སད་དང་བསེར་བུས་བཅོམ་སྲིད 
རླུང་དང་བུ་ཡུག་གིས་འདེད་སྲིད
ང་ལ་འཐོབ་འོས་པ་དེ་གང་དག
ཁྱོད་ལ་འཇོག་རུང་བ་དེ་ཅི་མཆིས
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།