ངེད་ཚང་གིས་དམིགས་བརྩེ་མ་འདོན་ཤེས།
ངའི་ཨ་ཕ། ཨ་ཕའི་ཨ་ཕ། དེ་ཡི་ཨ་ཕའི་རིང་ཞིག་ནས།
ངེད་ཚང་གིས་དམིགས་བརྩེ་མ་འདོན་ཤེས་ཟེར།
རྒྱུ་མཚན། དེ་ནི་དམིགས་མེད་བརྩེ་བ་ཡིན་པས་རེད།

དམིགས་མེད་བརྩེ་བ་ཡིན་པས།
ངའི་མཐེབ་རྒན་མས་ལྷམ་ཧྲུལ་གྱི་བུ་ག་ནས་རིག་རིག་ཏུ་ལྟ་དུས།
དམིགས་བརྩེ་མ། ཨ་ཕའི་ཁ་ན་མེ་རུ་འབར། དྲོད་དུ་འཁྱིལ།
དམིགས་མེད་བརྩེ་བ་ཡིན་པས།
ངས་ལེན་པ་ཡི་མཆིལ་མ་མགྲིན་ཁོག་ཏུ་རྦབ་རྡོར་སྒྲིལ་དུས།
དམིགས་བརྩེ་མ། ཨ་མའི་ངག་ན་རྩམ་པར་བརྫིས། ཞོ་རུ་ཆགས།

དམིགས་བརྩེ་མ།
དངོས་གནས་དམིགས་མེད་བརྩེ་བ་ཡིན་པས།
ངེད་ཚང་གིས་དམིགས་བརྩེ་མ་འདོན་ཤེས་ལ།
ངེད་ཚང་དམིགས་བརྩེ་འདོན་པར་སྤྲོ།
དངོས་གནས་དམིགས་མེད་བརྩེ་བ་ཡིན་པས།
ངེད་ཚང་གིས་དམིགས་བརྩེ་མ་འདོན་ཤེས་ལ།
ངེད་ཚང་དམིགས་བརྩེ་འདོན་པར་སྤྲོ།
ཨ་ཕས་ཕུ་བོར་འཁྲིད། ཕུ་བོས་ནུ་བོར་འཁྲིད། ནུ་བོས་ནུ་བོར་འཁྲིད་་་་་་་
ཞོགས་དུས། དམིགས་བརྩེ་མ་རྨིག་སྒྲའི་ཁྲོད་ལྷང་ལྷང་ལྷང་།
སྲོད་དུས། དམིགས་བརྩེ་མ་འབའ་སྒྲའི་ཁྲོད་ལྡིར་རི་རི།
ཨ་མས་ཨ་ཆེར་འཁྲིད། ཨ་ཆེས་ནུ་མོར་འཁྲིད། ནུ་མོས་ནུ་མོར་འཁྲིད་་་་་་་་
ཞོགས་དུས། དམིགས་བརྩེ་མ་བཞོ་དབྱངས་ཁྲོད་ཤག་ཤག་ཤག
སྲོད་དུས། དམིགས་བརྩེ་མ་ནུབ་ཚའི་ཁྲོད་ལྷོག་ལྷོག་ལྷོག

དམིགས་བརྩེ་མས།
རྩྭ་ཐང་ལ་དམིགས་མེད་བརྩེ་བ་ལྗང་གུ་ཞིག་སྤུད་མྱོང་།
དམིགས་བརྩེ་མས།
སྦྲ་ཁྱིམ་དུ་དམིགས་མེད་བརྩེ་བ་དྲོན་པོ་ཞིག་བསྐྱིལ་ཡོད།
དམིགས་བརྩེ་མས།
གངས་ཁྲོད་དུ་དམིགས་མེད་བརྩེ་བ་གཙང་མ་ཞིག་གཏོར་མྱོང་།
རྩྭ་ཐང་ལ་དམིགས་མེད་བརྩེ་བ་ལྗང་གུ་ཞིག་སྤུད་མྱོང་།
དམིགས་བརྩེ་མས།
སྦྲ་ཁྱིམ་དུ་དམིགས་མེད་བརྩེ་བ་དྲོན་པོ་ཞིག་བསྐྱིལ་ཡོད།
དམིགས་བརྩེ་མས།
གངས་ཁྲོད་དུ་དམིགས་མེད་བརྩེ་བ་གཙང་མ་ཞིག་གཏོར་མྱོང་།
ངེད་ཚང་གིས་དམིགས་བརྩེ་མ་འདོན་ཤེས་ལ།
ངེད་ཚང་གིས་དམིགས་བརྩེ་མ་འདོན་བཞིན་ཡོད།
རྒྱང་རིང་གི་རི་བོ་དེས་ངེད་ཚང་གི་དམིགས་བརྩེ་མར་མཉན་ནས་ལག་ཆགས་ཤིང་།
ཉེ་གམ་གྱི་ཆུ་མོས་ཀྱང་ངེད་ཚང་གི་དམིགས་བརྩེ་མར་མཉན་ནས་ལང་ཚོ་རྒྱས།
ད་དུང་ཉི་མས་ཀྱང་ངེད་ཚང་གི་དམིགས་བརྩེ་མར་གསན་བཞིན་ནར་སོན་པས།
ཉི་མའང་དམིགས་མེད་བརྩེ་བས་སྐྱོང་བཞིན་པར་གྲགས།

ད་ནངས་ཞོགས་པར་ཡང་།
ཉི་མས་ངེད་ཚང་གི་དམིགས་བརྩེ་མར་གསན་བཞིན་བཞུད་སོང་།
འོན་ཏེ། སང་ཉིན་ཞོགས་པར།
ཉི་མས་ཐོས་འོང་བ་ནི་ད་དུང་ཡང་ངེད་ཚང་གི་དམིགས་བརྩེ་མ་ཡིན་ནམ།

རྩོམ་ཁུངས། ངེད་དྲ་བ།