སེམས་འགྱུ་ཐན་ཐུན།
མི་ཚེ་གཅིག་གི་རིང་ཚད་སྒོམ་ནས།
ཁྱོད་རང་ལམ་དུ་ཆས་ཚེ།
ནམ་རིང་ན་རྨི་ལམ་མང་བ་བཞིན།
སྟོང་འདང་མང་པོ་ཞིག་གིས་འོ་བརྒྱལ་བཟོ་སྲིད་ཀྱང་།
གཡུལ་ས་ལྟ་བུའི་འཚོ་བ་རུ་གུ་ཡངས་མེད་ལ།
ཁོམ་ལོང་དེ་བས་ཡོད་མི་སྲིད།
ཞི་བདེ། འདྲ་མཉམ། རྒྱུ་འབྲས། དྲང་གཞག
བཟའ་མི་ཐུབ་པའི་འགྱིག་བཟོས་ཀུ་ཤུ་ཁོ་ན།
ཡང་ན། གཡོ་ཅན་ཚོས་མི་ཡུལ་དུ་གཏོར་བའི་ཉལ་ཐའི་མེ་ཏོག་དེ་ཡིན།
དེ་ལྟར་ལགས་ཀྱང་།
ནམ་ཞིག་ངེས་མེད་དུ་འཆི་འགྲོ་བར་སེམས་པ་རེ་བོར་ན།
ཕུགས་འདུན་དང་འཆར་གཞི་མང་པོ་ཞིག་གིས་ཅི་ཞིག་བྱ།
རྫུན་དང་ཕྲ་མ། གནོད་སེམས་དང་ཞེ་སྡང་སོགས་ནི།
དེ་བས་ཀྱང་ལྷག་མ་འབའ་ཞིག་ཏུ་སྣང་།
རང་ཉིད་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཆུང་ངུ་རུ།
སྤྱིར་བཏང་གི་འཚོ་རྟེན་ཞིག་ལ་བརྟེན་ནས།
ཕ་མ་ཟུང་གི་བྱམས་བརྩེ་འཐོབ་ཞིང་།
བུ་དང་ཆུང་མའི་བརྩེ་བར་རོལ་བ་ཡིན་ན།
འཇིག་རྟེན་ན་དེ་ལས་ལྷག་པའི་དྲོད་ཁོལ་ཞིག་གང་ན་ཡོད།
ཡིན་ན་ཡང་། མང་པོ་མང་པོ་ཞིག་གིས།
གཟུགས་མེད་ཀྱི་གོ་མཚོན་སྤྲས་ཤིང་།
ཁེ་ཕན་གྱི་ཁུག་སྣོད་ཐོགས་ཏེ།
མི་ཡུལ་ལ་སྐྱི་གཡའ་བའི་དུག་རླངས་དྲངས།
འགོ་ནས་མཇུག་བར། སྐྱེས་པ་ནས་འཆི་བའི་བར།
མངོན་ནས་ལྐོག ལྐོག་ནས་མངོན།
དུས་ཚོད་ཀྱི་བར་གསེང་ཀུན་ཏུ།
ཁྱོད་ཤི་ང་གསོན། རང་རྒྱལ་གཞན་ཕམ།
འཚོ་གནས་མཁན་གྱི་སྤྱི་འགྲོས་སུ་གྲུབ།
གོ་ཚོད་ལ། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཟོས་པར་བཤད།
དེ་མིན་གྱི་རྒྱལ་ཁབ་འགས་ཀྱང་བཟོས་པར་ཚང་མ་སྐྲག་སྣང་སྐྱེས།
ད་དུང་། ཨ་མེ་རི་ཁས་མཚོན་ཆ་དེ་རིགས་འགོག་བྱེད་ལ་བརྩོན་བཞིན་སྐད།
དེ་ནི་ཇི་འདྲའི་ལན་ཆགས་ཤིག
གནག་སེམས་ལྷག་པར་གྱུར་ཚེ།
མི་ཡུལ་འདི་རྡུལ་མཚོན་ལས་ཀྱང་འཇིགས་སུ་རུང་སྟེ།
གནག་སེམས་ཀྱི་རྐྱེན་གྱིས།
ཆོས་ལུགས་པས་ཆོས་ཀྱི་རིན་ཐང་ཆེ་བར་རྟོགས་ལ།
གནག་སེམས་ཀྱི་རྐྱེན་གྱིས།
ཤེས་ཡོན་པས་རིག་གནས་བསླབ་པ་དོན་ལྡན་དུ་མཐོང་།
གནག་སེམས་དེ་ཉིད། ཆེས་འཇིགས་སུ་རུང་བའི་རྡུལ་མཚོན་རེད།
དེ་ཨེ་རན་དང་ཁོ་རུ་ཡ་བྱང་མའི་ས་གནས་གང་རུང་ཞིག་ནས་སྐྱེད་པ་མིན་པར།
སྤྱིར་བཏང་གི་མིའི་བློ་ཁོག་དང་ཚོར་ཤེས་ཀྱིས་བསྐྱེད་བཞིན་མཆིས།

ཉི་མའི་འོད་ཟེར།
ཆུ་ཕྲན་གྱི་བཞུར་དབྱངས།
མེ་ཏོག་གི་འཛུམ་ཞལ།
ལྗང་མྱུག་གི་གར་སྟབས།
མཐུན་པ་སྤུན་བཞིའི་མཛའ་མཐུན།
ཨ་ཙི། གདོད་མ་ཞིག་ལ་འཇིག་རྟེན་འདི་ཇི་འདྲའི་མཛེས་སྡུག་ལྡན་ཨང་།
རྩོམ་ཁུངས། ངེད་དྲ་བ།