སང་ཉིན་ནི་ཅི་ཞིག་ཡིན།
མཐོང་ཡུལ་ལས་འདས་པའི་སང་ཉིན་ལ།
གློ་བར་བའི་ལག་སྙོབ་བྱེད་ཐེངས་རེར།
ལག་ཏུ་ཡོང་བ་ནི་ནམ་ཡང་མུན་པ་རེད།
གློ་བར་བའི་ལག་སྙོབ་བྱེད་ཐེངས་རེར།
ལག་ཏུ་ཡོང་བ་ནི་ནམ་ཡང་མུན་པ་རེད།
ངོ་མ། སང་ཉིན་ནི་མ་གཞི་ནས་མུན་པ་ཞིག་ཡིན་ནམ།
སང་ཉིན་དུ། དོན་ངོ་མ་ཅི་ཞིག་ཡོད།
ཨ་མའི་ཁ་ན་འཕུར་བའི་ཡིག་དྲུག་གི་གཤོག་ཟུང་བཀན་མོ་དེ་ཡོད་དམ།
ཨ་ཕའི་སེམས་སུ་བཞེངས་པའི་དག་ཞིང་གི་རྐང་ལམ་ཕྲ་མོ་དེ་ཡོད་དམ།
ཡང་ན།
ཁྱོས་འཐུང་བསམས་པ་ཞིག་འཁྱིལ་ནས་ཡོད།
ཁྱོས་བཟའ་སྙམ་པ་ཞིག་བསྒྲིགས་ནས་ཡོད།
དེ་མིན་ན།
གསང་བ་ཞིག་གཅེར་བུར་མངོན་ནས་ཡོད་དགོས།
མངོན་སུམ་ཞིག་ཐུམ་གྱིས་བཏུམས་ནས་ཡོད་དགོས།

དེའང་མེད་ན།
ང་ཚོས་རྒྱུས་མངའ་ཡོད་ཁུལ་གྱིས་སང་ཉིན་དུ་འཚང་དོན་ཅི།
ང་ཚོས་ཅི་ཞིག་རྙེད་མདོག་གིས་སང་ཉིན་དུ་ཕྱོགས་དོན་ཅི།
ང་ཚོས་ཅི་ཞིག་འཚོལ་ཁུལ་གྱིས་སང་ཉིན་དུ་བཞུར་དོན་ཅི།
ང་ཚོ་གནམ་སའི་བར་མཚམས་དེ་ནས།
གོག་ནུར་གྱི་འགུལ་བསྐྱོད་ལ་ཞུགས་པ་ནས་བཟུང་སང་ཉིན་ལ་སོང་།
ཡིན་ཡང་། ང་ཚོ་ད་དུང་བསླེབས་མེད།
ཡང་ན། ང་ཚོ་ནམ་ཡང་སླེབ་བཞིན་ཡོད།

རེད་ཨ། ང་ཚོ་སང་ཉིན་ལ་སླེབ་བཞིན་ཡོད་ཀྱང་།
ད་དུང་སང་ཉིན་ལ་བཙལ་ནས་འགྲོ་དོན་ཅི།
དོན་ངོ་མ་ང་ཚོ་འགྲོ་དགོས་པའི་སང་ཉིན་ག་ཚོད་ཡོད།
ང་ཚོ་འགྲོ་དགོས་པའི་སང་ཉིན་གྱི་བར་ཐག་ག་ཚོད་ཡིན།
ང་ཚོ་འགྲོ་དགོས་པའི་སང་ཉིན་གྱི་ལྗིད་ཚད་ཅི་ཙམ་ཡིན།
ད་དུང་སང་ཉིན་ལ་བཙལ་ནས་འགྲོ་དོན་ཅི།
དོན་ངོ་མ་ང་ཚོ་འགྲོ་དགོས་པའི་སང་ཉིན་ག་ཚོད་ཡོད།
ང་ཚོ་འགྲོ་དགོས་པའི་སང་ཉིན་གྱི་བར་ཐག་ག་ཚོད་ཡིན།
ང་ཚོ་འགྲོ་དགོས་པའི་སང་ཉིན་གྱི་ལྗིད་ཚད་ཅི་ཙམ་ཡིན།
ངོ་མ། སང་ཉིན་ནི་ཅི་ཞིག་ཡིན།
བསྒྲགས་གཏམ་ཞིག་ཐུ་འོག་ན་གཉོར་བའི་དར་ཆ་ཞིག་ཡིན་ནམ།
ཕུགས་བསམ་ཞིག་རྗེས་ཤུལ་དུ་འཁྱིལ་བའི་སྨྱུག་རྩེ་ཞིག་ཡིན་ནམ།
སྤྲོ་སྐྱིད་ཅིག་ཐབ་ཟངས་ན་གདུ་བའི་སྦྲ་ནག་ཅིག་ཡིན་ནམ།
ཡང་ན།
ལག་ཟུང་གཉོམ་པོ་ཞིག་གི་སེར་ག་ཡིན།
ལྟོ་བ་ཚོན་པོ་ཞིག་གི་ལྟེབ་གཉེར་ཡིན།
ཡང་ན།
བརྒྱ་ཤོག་དམར་བོས་ཁྲི་བརྒྱབ་པ་ཞིག་ཡིན།
རྒྱབ་གོས་རལ་བོས་འཕོངས་མི་ཁེབས་པ་ཞིག་ཡིན།

གང་ལྟར། ང་ཚོ་སང་ཉིན་ལ་འགྲོ་བཞིན་ཡོད།
འོན་ཏེ། ང་ཚོ་བསླེབས་ཡུལ་ནི་ནམ་ཡང་དེ་རིང་ཡིན།
ང་ཚོས་མུ་མཐུད་དུ་སང་ཉིན་འཚོལ་བཞིན་ཡོད་པས།
ང་ཚོ་ནམ་ཡང་དེ་རིང་ལ་སླེབ་བཞིན་ཡོད།
འོན་ཏེ། ང་ཚོ་བསླེབས་ཡུལ་ནི་ནམ་ཡང་དེ་རིང་ཡིན།
ང་ཚོས་མུ་མཐུད་དུ་སང་ཉིན་འཚོལ་བཞིན་ཡོད་པས།
ང་ཚོ་ནམ་ཡང་དེ་རིང་ལ་སླེབ་བཞིན་ཡོད།
ང་ཚོ་གཙང་བོ་བཞིན་སང་ཉིན་ལ་བཞུར་བས།
མེ་ཏོག་འདྲ་བ་མང་བོ་ཞིག་དེ་རིང་གི་གཙང་འགྲམ་ནས་ལུས་སོང་།
ང་ཚོ་སྐར་མདའ་བཞིན་སང་ཉིན་ལ་བཞུར་བས།
ཉི་ཟླ་འདྲ་བ་མང་བོ་ཞིག་དེ་རིང་གི་མཁའ་དབྱིངས་ནས་བསྐྱུར་སོང་།
མེ་ཏོག་འདྲ་བ་མང་བོ་ཞིག་དེ་རིང་གི་གཙང་འགྲམ་ནས་ལུས་སོང་།
ང་ཚོ་སྐར་མདའ་བཞིན་སང་ཉིན་ལ་བཞུར་བས།
ཉི་ཟླ་འདྲ་བ་མང་བོ་ཞིག་དེ་རིང་གི་མཁའ་དབྱིངས་ནས་བསྐྱུར་སོང་།
སང་ཉིན་ལ་ལྐོག་ཉན་བྱེད་དུས།
སང་ཉིན་ལ་ནམ་ཡང་གྲག་འགུལ་མེད།
སང་ཉིན་ལ་ལྐོག་ལྟ་བྱེད་དུས།
སང་ཉིན་ནི་ནམ་ཡང་རབ་རིབ་ཡིན།
སང་ཉིན་ལ་ལག་སྙོབ་བྱེད་དུས།
སང་ཉིན་ནམ་ཡང་མུན་པ་རེད།
སང་ཉིན་ལ་ནམ་ཡང་གྲག་འགུལ་མེད།
སང་ཉིན་ལ་ལྐོག་ལྟ་བྱེད་དུས།
སང་ཉིན་ནི་ནམ་ཡང་རབ་རིབ་ཡིན།
སང་ཉིན་ལ་ལག་སྙོབ་བྱེད་དུས།
སང་ཉིན་ནམ་ཡང་མུན་པ་རེད།
འོན་ཏེ། ང་ཚོ་ནམ་ཡང་སང་ཉིན་ལ་བྲེལ་ནས་ཡོད།
རེད་དེ། སང་ནི་ཅི་ཞིག་ཡིན། གང་ན་ཡོད།
རེད་དེ། སང་ནི་ཅི་ཞིག་ཡིན། གང་ན་ཡོད།
རྩོམ་ཁུངས། ངེད་དྲ་བ།