ཉིན་གཅིག་གི་གསང་བ།
མེ་ཏོག་དེ
བསིལ་རླུང་གིས་གཏོར་བར་དོགས་ནས
དོན་ལྔ་སྣོད་དྲུག་པོའི མཁར་རྫོང་ཞིག་བསྐྲུན་ཡོད
མཁར་རྫོང་དེ གངས་རི་དང་ལྷུན་པོ་མིན་ཡང
མིའི་རིགས་ལ ཆེས་མཁོ་ངེས་སུ་གྱུར་བའི
གནས་ལུགས་ཀྱི་ལྕགས་ཕུར་ཡིན
བདག་གི་མིག་འབྲས་འདིས རང་བྱུང་གི་འཇིགས་པ་རེ་རེ
མེ་ལོང་གི་ཕྱི་ངོས་སུ་འབྲི་བཞིན་ཡོད་པས
ཏག་ཏག་ཅིག་ལ ཁ་ཕྱོགས་ལ་དབྱེ་བ་མེད་པར
ཟློས་གར་ལ་བྱང་ཆ་ལྡན་པའི བརྙན་འཕྲིན་ལས་མངོན་པའི
འདོད་ལྡན་གྱི་ལྷ་མོ་དག་གིས ནུ་འབུར་གྱིས་སྟངས་སྟབས་བསྒྱུར་ནས
གློ་བའི་གསེབ་དང་སྙིང་གི་དཀྱིལ
རྒྱུ་མའི་ལམ་དང་མཆིན་པའི་ངོས
ལྟོ་བའི་སྣོད་དང་ལྒང་བུའི་ཞབས
འདི་དག་རེ་རེ་ལ འོ་དང་འཁྲིག་སྦྱོར་གྱི་སྟ་གོན་བགྱིས་ཀྱང
བདག་གི་མཛེས་པ མེ་ཏོག་གི་འདབ་མ་ཡིན
བདག་གི་དུངས་བ མེ་ཏོག་གི་ཟེའུ་འབྲུ་ཡིན
བདག་གི་སྙིང་གཏམ ཟེའུ་སྟེང་གི་ཆུ་ཐིགས་ཡིན
བདག་གི་དམ་ཚིག
བདག་གི་རང་དབང
བདག་གི་སྙིང་སྟོབས
བདག་ནི་གཞི་ནས མི་ཚོགས་ཀྱི་འདུ་འགོད་དབེན་པའི
རྒྱང་རིང་རྒྱང་རིང་གི འབྲོང་རྒོད་ཁེར་འདུག་དེ་ཡིན
རྩོམ་ཁུངས། ངེད་དྲ་བ།