སྨག་ནག་ལམ་གྱི་ལྐོག་མདའ།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-09

 

དོ་དགོང   ཚོར་བ་ཞིག་གི་ཆེད་དུ
བོང་སེར་ཁེར་རྐྱང་ཞིག་དང་འདྲ་བའི་ང
མྱི་རིགས་མང་པོ་འདུས་ས
ལྷག་པར་མཛེས་མ་མང་པོའི་གཞིས་ཁྱིམ
ནུ་ཁེབས་དང་རྐང་འཐུང་གི་སྒམ་ཆེན་པོ
མྱོས་བུམ་སྦྱོར་ས་དང་རྐུབ་ཀྱིས་གནོན་སའི་སྟེགས་བུ་དེའི་འོག་ཏུ
ཁྱི་སྨྱོན་ཞིག་གིས་ལྟོ་ལ་རེ་བ་ནང་བཞིན
མེ་ཏོག་ཡོད་པའི་མོ་མཚན་ཞིག་དང་འདྲ་བའི
སྒྲོལ་མ་ལྷ་ཁང་དུ་འབོད་པའི་མྱོས་བུམ་ཅན་ཚོའི་ལྟག་སྒོ་བརྒྱུད་ནས་སོང
གསར་བུ་ཞིག་གིས་གསར་མོ་ཞིག་ལ་འཁྱུད་ཅིང
གསར་མོ་ཞིག་གསར་བུ་ཞིག་ལ་འཐམས་ནས་མི་གཏོང་བ་ནི
ཁོར་ཡུག་འདི་རུ
བྱིས་པ་དམར་རྒྱན་གྱིས་གཅིན་སྐྱག་གཏོང་བའི་གོམས་སྲོལ་ཞིག་གི་ཉམས་སྣང་ལས་མི་འཇོག
སྒྲོལ་མ་ལྷ་ཁང་གི་སྒོ་ཁ་ནས
ང    མི་རྐྱང་ལམ་གྱི་བཞི་མདོར་སླེབས་རག་པར
མུན་ནག་བཀའ་དྲིན་ཅན་གྱི་མཐུ་འོག་ནས
རྒྱ་རྒྱ་མོ་ཚོ་གཙོ་བྱས་པའི་རྒྱ་རྒྱ་མོ་ཚོ་དང་འདྲེས་ལ་ཉེ་བའི་ཕོ་གཞོན་མོ་གཞོན་འདི་དག
གུང་ཁྲན་རིང་ལུགས་ཞེས་པར་སླེབས་པའམ
སུས་ཀྱང་ཐེ་གཏོགས་མི་བྱེད་པའི་རང་ཁྱིམ་གྱི་འབོལ་ཁྲི་སྙི་མོའི་སྟེང་ཉལ་བ་དང་མཚུངས་པར
མུན་པས་མགོ་བོ་འབའ་ཞིག་བཏུམས་ཞོར
ནུབ་ཕྱོགས་དང་རྒྱ་ནག་གི་དྲག་རྩལ་སྣ་མང་ཞིག
ལུས་ངག་གིས་ཤུགས་ཆེར་འཁྲབ་ཀྱིན་འདུག
                                                 ༢༠༡༡  ༥  ༦
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨག་ནག་ལམ་གྱི་ལྐོག་མདའ།

2011-05-09 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

 

དོ་དགོང   ཚོར་བ་ཞིག་གི་ཆེད་དུ
བོང་སེར་ཁེར་རྐྱང་ཞིག་དང་འདྲ་བའི་ང
མྱི་རིགས་མང་པོ་འདུས་ས
ལྷག་པར་མཛེས་མ་མང་པོའི་གཞིས་ཁྱིམ
ནུ་ཁེབས་དང་རྐང་འཐུང་གི་སྒམ་ཆེན་པོ
མྱོས་བུམ་སྦྱོར་ས་དང་རྐུབ་ཀྱིས་གནོན་སའི་སྟེགས་བུ་དེའི་འོག་ཏུ
ཁྱི་སྨྱོན་ཞིག་གིས་ལྟོ་ལ་རེ་བ་ནང་བཞིན
མེ་ཏོག་ཡོད་པའི་མོ་མཚན་ཞིག་དང་འདྲ་བའི
སྒྲོལ་མ་ལྷ་ཁང་དུ་འབོད་པའི་མྱོས་བུམ་ཅན་ཚོའི་ལྟག་སྒོ་བརྒྱུད་ནས་སོང
གསར་བུ་ཞིག་གིས་གསར་མོ་ཞིག་ལ་འཁྱུད་ཅིང
གསར་མོ་ཞིག་གསར་བུ་ཞིག་ལ་འཐམས་ནས་མི་གཏོང་བ་ནི
ཁོར་ཡུག་འདི་རུ
བྱིས་པ་དམར་རྒྱན་གྱིས་གཅིན་སྐྱག་གཏོང་བའི་གོམས་སྲོལ་ཞིག་གི་ཉམས་སྣང་ལས་མི་འཇོག
སྒྲོལ་མ་ལྷ་ཁང་གི་སྒོ་ཁ་ནས
ང    མི་རྐྱང་ལམ་གྱི་བཞི་མདོར་སླེབས་རག་པར
མུན་ནག་བཀའ་དྲིན་ཅན་གྱི་མཐུ་འོག་ནས
རྒྱ་རྒྱ་མོ་ཚོ་གཙོ་བྱས་པའི་རྒྱ་རྒྱ་མོ་ཚོ་དང་འདྲེས་ལ་ཉེ་བའི་ཕོ་གཞོན་མོ་གཞོན་འདི་དག
གུང་ཁྲན་རིང་ལུགས་ཞེས་པར་སླེབས་པའམ
སུས་ཀྱང་ཐེ་གཏོགས་མི་བྱེད་པའི་རང་ཁྱིམ་གྱི་འབོལ་ཁྲི་སྙི་མོའི་སྟེང་ཉལ་བ་དང་མཚུངས་པར
མུན་པས་མགོ་བོ་འབའ་ཞིག་བཏུམས་ཞོར
ནུབ་ཕྱོགས་དང་རྒྱ་ནག་གི་དྲག་རྩལ་སྣ་མང་ཞིག
ལུས་ངག་གིས་ཤུགས་ཆེར་འཁྲབ་ཀྱིན་འདུག
                                                 ༢༠༡༡  ༥  ༦
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།