བསམ་པ་ཡི་གཟེབ་དྲ།
རྒྱང་རིང་ཞིག་ལ་མིག་ཟུང་ཅེར་རྗེས
རྨི་ལམ་གྱི་སྙེས་འབོར་ནམ་ཡང་སྲ་ཞིང་མཁྲིགས
འདི་ནས་སོང་སོང་བའི་མཐའ་མ
རྡུལ་གྱིས་ཟོས་པའི་ལག་ཟུང་སྐྱ་བོ་ཞིག་ལས་ཅི
འོན་ཀྱང
བར་ཐག་མི་རིང་བའི་ས་ན་ཅི་ཞིག་འཁྱིལ་ཡོད
རྡོག་སྒྲ་མེད་པའི་གཞིས་མཁར་དྭངས་མ
ཡང་ན་ཚོར་བས་ཟིན་པའི་ཏོར་གཟུགས་མཆོད་རྟེན
ཚོད་ཚོད་ལ་བསམ་མྱོང་བའི་བརྩེ་འདང
གང་ལྟར་ ཐོར་གྱིས་འཕྱུར་ཡོང་བའི་འདི་དག
སྲན་མི་ཚུགས་པའི་བར་དོ་གང་ཞིག་ཏུ་སླེབས་ཡོང
༢༠༡༡ ༥ ༦
རྩོམ་ཁུངས། ངེད་དྲ་བ།