ཤེས་རབ་ཀྱི་དབྱིངས།
——དགེ་འདུན་ཆོས་འཕེལ་ལ་ཕུལ།
འབུ་སྲིན་དག་གིས་ཆུ་ཐིགས་ཀྱི་ལྟོ་བར་མཆི་ཏོ་བཙུད
སྡོང་ལོ་དག་བྱེའུ་ཐེ་བོའི་གཟུགས་ཀྱིས་ཕྱོགས་སུ་གཏོར
གངས་ཐང་སྐྱ་བོ་རུ ཁྱེད་ཀྱི་སྒོ་གླེགས་རྡུང་མཁན་མ་བྱུང

ཉིན་ཐོ་ལས ངས་ཐོག་མར་ཁྱེད་རང་བཙལ་བའི་དུས་ཚོད་ལ་ཁེལ་འདུག
སྡོམས་དྲས་སྦྲེལ་བའི་ཁྱེད་ཀྱི་སྒོ་ཤིང་དལ་གྱིས་ཕྱེ་བས
ས་ཕུད་ཀྱིས་བརྡུངས་འདུག་པའི་མེ་ཏོག་དེ་མཐོང་སོང
སྐབས་དེ་དག་ལ ངའི་ངོ་གདོང་དུ་མེ་ལྕེ་ཞུ་བཞིན་འདུག
མགོ་བོ་ཕྱིར་འཁོར་ནས་རྐང་བ་གཉིས་དྲན་མེད་དུ་འགྲོ་ཚད་ལ་སྤོ་རུ་བཅུག

ངས་ཅི་ཞིག་བསྒྲུབ་ན་འགྲིག་གམ
རྐང་བ་འདི་རྨི་ལམ་གྱི་ཁྲོད་ནས་རལ་སོང་ཡང
༼ཅི་ཡང་བསྒྲུབ་དགོས་མི་འདུག༽ཁྱེད་ཀྱིས་ལན་བཏབ་སོང
དབུ་སྲིན་དག་སླར་དུ་འཚང་བྱུང
ཁྲག་རྗེས་དག་ལ་འཁོར་ནས་ཆེ་ཆུང་གི་རི་མོ་བྲིས

སྒྲོམ་བུ་ཞིག་སྙེས་མགོར་བཞག་རྗེས
ཡོད་ཚད་མིའི་རིགས་བཞིན་གསོན་ཡོད་པའི་ཟོལ་གྱིས
སྔུར་བ་དལ་གྱིས་འཐེན
ལོ་ངོ་མང་པོའི་ཡར་སྔོན་ནས་དཀྲོགས་ན་འོས་པའི་གཉིད་ལྕོག་འདི་དག

ང་རང་ཐོན་དུས ཁྱེད་ལ་སྔ་མོ་ནས་སྐྱེལ་མ་བྱས་འདུག
དུས་ཚོད་ཁྱོར་བ་གང་མཉམ་དུ་སྤུངས་ནས
མྱ་ངན་གྱི་རྩམ་སྐྱའི་ཁ་དོག་ཤུགས་ཀྱིས་ལྡག
གང་དུ་འང་མ་ཤོང་བ་དག ཡང་བསྐྱར་ལག་ནས་ལྷུང་དེ་ས་ལ་བརྡབ་འདུག

མུན་པའི་ནང་གི་འོད་དག ངའི་ངག་ནས་འཐོར་བའི་ཐ་སྙད་ཀྱི་ཨང་ཀི་བཞིན
སྐམ་རིད་དུ་ཟིང་ཅིང རྭ་ཅོ་རུ་གྱུར་ནས བརྗོད་བྱ་དག་སྒོར་ཕུད་ཀྱིན་འདུག

མཐོང་ཚད་མིག་ཏུ་འགྱུར་ཤོག
མིག་ཡོད་ཅོག་བདེན་པར་འགྱུར་ཤོག ངའི་ཤ་ཁྲག་གི་དུམ་བུ་རེ་རེ་ཁྱེད་ཀྱི་སོར་མོའི་འཆིང་ཐག་དང་འབྲེལ་ཤོག
རེ་བ་དང་ཕུགས་བསམ་ས་རུ་མ་ཟེགས་པའི་ཡར་སྔོན་དུ རྣམ་ཤེས་དང་མཁའ་དབྱིངས་ལ་ལྷིང་འཇགས་འཐོབ་ཤོག

ཞོགས་པ་དེར ཆར་བ་ཟམ་ཟིམ་དུ་འདྲུལ་ཀྱིན་འདུག
སྒེའུ་ཁུང་ལས ངས་ཡང་བསྐྱར་དུར་ཁྲོད་དུ་གོམ་ཁ་བསྒྱུར
ལྭ་བས་བརླན་འདུག་པའི་ཆར་ཐིགས་དག ས་ནས་གྱེན་དུ་ལྡིང་གིན་འདུག
རྐང་བ་ཀེང་རུས་ལ་ཐོག་བབས་ཤིག་གིས
ཁྱེད་ཀྱི་སྐམ་རིད་ཀྱི་རྒྱབ་གཟུགས་དེ་ཤེལ་གྱི་ལོ་མ་དག་གི་སྟེང་དུ་བབས་བྱུང
ལག་ཟུང་མདུན་དུ་གཟེད་པས ཁུ་སུམ་མེར་ཡོད་ཚད་གཟུགས་མེད་དུ་གྱུར་སོང

༢༠༡༡ལོའི༥བའི་ཚེས་༢ཉིན།
རྩོམ་ཁུངས། ངེད་དྲ་བ།