མི་ཤི་བོ་དག་དང་ཁ་བརྡ་བགྱིས་པ།
སྒྲོན་མེད་ནག་པོ་ཞིག་འཆང་བར་བསྡམས་རྗེས
རླུང་གི་གོམ་འགྲོས་ལས་ས་བོན་དམར་པོ་བཞུར
གསེར་མདོག་དང་སྐར་མའི་ཚོགས་ཀྱང་དབྱངས་ཀྱི་སྒྲོམ་དུ་བབས
གཡོ་བ་མེད་པའི་མཚན་མོ་དང་རལ་གྲི་དག་ཅི་འདྲའི་མཛེས་ཨང་
ཁྲག་དྲི་དང་ཁ་བ རི་ཟོམ་དང་མཚོ་མོ
ད་དུང་གླུ་གཞས་གཏོང་ཤེས་པའི་རྡོ་བའི་ཚོགས
རོལ་དབྱངས་དང་རྒུམ་ཆང་འདི
ཁྱེད་ཀྱི་ནམ་མཁའ་དང་སྤྲིན་དཀར་ཡིན་པ་གྱིས
ང་ཚོ་ཅིས་ཀྱང་ཟམ་པ་དཀར་པོ་དེ་བརྒྱུད་ནས
ཡུལ་ལ་ལོག་པར་ངེས
2011.5.4
རྩོམ་ཁུངས། ངེད་དྲ་བ།