ནག་རིལ་གྱི་ནག་ཉེས།

སུང་གི་གོང་མའི་ལས་བྱར་སྡོད་དུས་གསང་བ་ཇག་པའི་མདུན་དུ་བསྐྱེལ།
གྲའོ་ཀའེ་ལ་སོགས་སྐར་མ་བདུན་པོ་ལེང་ཧྲན་རི་བོའི་ཕྱོགས་སུ་བཏང༌། །
གསང་བ་མ་ཐུབ་ཕྱི་ལ་གྱར་མཚམས་མཛེས་མའི་མགྲིན་པ་གྲི་ཡིས་གཏུབས། །
ཆང་ཕོར་གང་གིས་བཟི་ངར་མ་ནན་ངོ་ལོག་སྙན་ངག་ཚིག་འགའ་བྲིས། །
རྒྱལ་ཁྲིམས་བཙན་པོའི་མདུན་སར་སླེབས་དུས་སྐྱག་པ་བྱུགས་ནས་སྨྱོ་བརྫུ་བཏབ། །
རྟ་ལྕག་གཅིག་གིས་སྨྱོན་པ་མིན་པའི་ས་རྟགས་ཤོག་དཀར་སྟེང་དུ་ཕབ། །
ཤར་ཟད་ལྷོ་བུག་འགྲོ་ས་མ་རག་རི་སྟེང་མཁར་རྫོང་ནང་དུ་ཞུགས། །
མཁར་རྫོང་དོན་དུ་ཧོ་པན་ཡུལ་གྱི་ཚུལ་མཐུན་མི་དྲག་འབྱོར་ལྡན་པ། །
གཡུ་ཡི་གྱི་ལིང་ལི་ཅིན་དབྱིན་གྱི་ཁྱིམ་བརྒྱུད་བཟའ་ཟླ་རྩ་གཏོར་བྱས། །
གྲའོ་ཀའེ་རྒོད་པོའི་ཁྲི་སྟེགས་ཐོབ་ཅིང་བདེན་འཛིན་དཔའ་བོ་འདུ་འཛོམས་མང༌། །
གནམ་གི་ཚབ་བྱས་དཔོན་ངན་ཚར་གཅོད་ཉམས་ཆུང་འབངས་མི་བྱམས་པས་བསྐྱངས། །
བློ་དཀར་གཞུང་དྲང་ཁང་གི་མཚན་སྙན་ཡུལ་ལུང་གང་སར་ལྡིར་བ་དང༌། །
བདེན་འཛིན་ཕོ་རྒོད་འདུ་འཛོམས་ཁང་དུ་སུང་ཅང་སེམས་ཚོར་སླར་ཡང་འཁྲུགས། །
མཚོ་གླིང་ཇག་པའི་གཡུལ་ས་བཏང་ནས་དཔོན་ཆེན་ཞིག་གི་ལས་དབང་བསམ། །
ལག་དམར་ཀའཽ་ཆིའུ་གྲོགས་ལ་རེ་ནས་སྤུན་མཆེད་ལ་རྒྱ་ཡོངས་སུ་དོར། །
དཔའ་བོའི་ཡང་རྩེ་གཟིག་མགོ་ཅན་དེ་གཤིན་རྗེ་དམར་པོའི་ཁྲིམས་སར་བསྐྱེལ། །
ཞི་འགུགས་བདེ་འགོད་སྡོམ་ཐག་སྦྲེལ་ཕྱིར་ཏུང་ཅིང་མཛེས་མའི་ཆང་ཁང་འགྲིམ། །
བདེན་འཛིན་ཕོ་རྒོད་འདུ་འཛོམས་བཅད་ཅིང་རི་སྟེང་མཁར་རྫོང་རྨང་ནས་བཤིག །
ལ་རྒྱ་ཅན་གྱི་གྲའོ་ཀའེ་རྒོད་པོའི་མིང་བྱང་མེ་ལྷའི་ཞལ་དུ་གཏོར། །
མཚན་གྲགས་གཉིས་ལྡན་བློ་དཀར་གཞུང་དྲང་གཏམ་རྒྱུད་ཅིག་གི་ལས་དབང་བསྐྲུན། །
བདེན་འཛིན་དཔའ་རྒོད་ཕྱོགས་བཞིར་གཏོར་བས་སྤུན་ཟླའི་ལས་དབང་ཡོངས་སུ་ཉམས། །
རང་ཉིད་གོང་མའི་ཁྲིམས་ལ་ཞེན་ཏེ་ལ་རྒྱ་ཅན་གྱི་དཔའ་རྒོད་ཅིག །
གཤིན་གྲི་ངར་མའི་འོག་ཏུ་བཏང་བས་སྤུན་ཟླའི་དམ་ཚིག་འོ་མའི་གཏེར། །
ཁྲག་ཐིག་དམར་པོའི་ཆར་ཟིལ་ཕོགས་ཅིང་དར་དམར་ཐལ་འཚུབ་གསེབ་ཏུ་འགྱེལ། །
ད་དུང་གདོང་ནག་རྨི་ལམ་མ་སད་སྤུན་རྣམས་ཁྲིད་ནས་གཡུལ་དུ་གཤེགས། །
གོང་མའི་སྲིད་གཞུང་བློ་སེམས་དཀར་ན་གཞུང་དམག་ཁྲི་འབུམ་བསད་དོན་ཅི། །
སྒེར་གྱི་ཁེན་འཛིན་སྙིང་ལ་ཉར་ནས་ཧོང་ཝུན་གསོན་པགས་གཤུབ་དོན་ཅི། །
བདུད་བློན་ངན་པས་གནམ་འོག་དཀྲུགས་ན་བདུད་ཀྱི་བྲན་དུ་འགྲོ་དོན་ཅི། །
གནམ་གི་ཚབ་བྱས་ལུགས་བཟང་སྤེལ་ན་བདེན་འཛིན་ཁང་ཆེན་བཤིག་དོན་ཅི། །
ངན་པ་ཚར་གཅོད་བཟང་པོ་སྐྱོང་ན་སྡིག་བློན་ཀའོ་ཆུའི་གློད་དོན་ཅི། །
སྤུན་ཟླའི་དམ་ཚིག་ལ་རྒྱ་ཡོད་ན་སྤུན་རྣམས་ཕྱོགས་མཐར་ཐོར་དོན་ཅི། །
གནམ་འོག་མི་སེའི་བདེ་སྡུག་བསམ་ན་མཚོ་གླིང་ཁྲག་དམར་བསྒྱུར་དོན་ཅི། །
བཙན་སྐར་སོ་དྲུག་གཤེན་སྐར་དོན་གཉིས་བདེན་འཛིན་དཔའ་རྒོད་བརྒྱ་དང་བརྒྱད། །
གཅེས་སྲོག་འཕྲོག་མཁན་ལུག་པགས་གྱོན་པའི་སྤྱང་རྒན་འདི་དང་ཀའོ་ཆུའི་གཉིས། །
དྲང་པོའི་སྲང་ལ་ལྗིད་ཚད་འཇལ་ན་མི་འདིའི་བྱས་ཉེས་རི་ལས་ལྕི། །
མི་ཤི་གསོན་པགས་རིམ་གྱིས་གཤུབ་ཀྱང་སྡིག་ཉེས་དག་པ་སྲིད་མ་ཡིན། །
སྤུན་ཟླའི་དམ་ཚིག་ལ་རྒྱ་དང་ནི་ལྷག་བསམ་ཟེར་བ་ཡེ་མེད་ཀྱང༌། །
མཚོ་གླིང་ངོགས་སུ་གདོང་ནག་ཁོང་ལ་དུས་ཐོག་ཆར་པའི་མཚན་སྙན་དང༌། །
སུང་གི་རྒྱལ་སར་བདུད་བློན་ཀའོ་ལ་དམག་སྤྱི་ཆེན་མོའི་མཚན་གྱིས་བསྟོད། །
ལུག་ལྤགས་གྱོན་པའི་སྤྱང་རྒན་འདི་ཚོ་སྐབས་རཻར་རླུང་རྟ་རྒྱུགས་ན་ཡང༌། །
བདེན་འཛིན་སྨྱུག་ཐོགས་དཔའ་བོའི་ལག་ནས་ཐར་བའི་གོ་སྐབས་ཤིན་ཏུ་ཕྲ། །
གདོང་ནག་མི་ཚེའི་གསུམ་གྱི་ཕྱེད་གཉིས་དམག་གི་གཡུལ་སར་གཤེགས་ནའང༌། །
འཐབ་པའི་ལོ་རྒྱུས་ཅི་ཡང་མེད་ལ་གབ་ནས་བྲོས་པའི་གཏམ་རྒྱུད་དང༌། །
གཞང་ཁང་ཨ་མའི་ཁ་ལ་བལྟས་ནས་འཕྱན་མ་ཞིག་དང་མཐུན་འཇུག་བྱས། །
ཉག་ཕྲ་ཚེ་སྲོག་རླུང་གིས་དེད་དུས་ངུ་འབོད་བྱས་པའི་ལོ་རྒྱུས་སྙན། །
དཔའ་རྒོད་ཐམས་ཅད་འཇིག་རྟེན་འདི་ཡི་ཕ་རོར་མི་འདོད་བཙན་གྱིས་མངགས། །
ཐམས་ཅད་དཀར་འཇམ་ཤོག་བུའི་སྟེང་གི་སྣག་ཚ་ནག་པོའི་རི་མོར་བསྒྱུར། །
ཚུལ་འདི་མ་གསང་རེ་རེ་བཞིན་དུ་གཅིག་དང་གཉིས་ཞེས་བརྗོད་འདོད་ཀྱང༌། །
སྙིང་རྩ་སྔོན་པོར་ཁྲག་དམར་རྒྱས་པས་སྨྱུག་རྩེ་རྒྱུ་ཕྱོགས་འདི་རུ་ལུས། །
                                            གཙང་ཁའི་བུ་ནས་༢༠༠༨ ༡༢ ༢༥ ཉིན་བྲིས་པའོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནག་རིལ་གྱི་ནག་ཉེས།

2011-05-06 གཙང་ཁའི་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།