ཁེར་རྐྱང་གི་ཉིན་ཐོ་ཞིག
དེ་རིང་གཟའ་མཇུག་ཡིན་པས
རྒྱ་ནག་གྲོང་དུ་གཟིར་བའི
རྣོ་ལྕགས་དང་ཨར་འདམ་གྱི་སྨྲ་ར་འཛིངས་པའི་ཁང་མིག་འདི་ནས
གོམས་སྲོལ་ཇི་བཞིན ངས་ལག་འཁྱེར་ཁ་པར་དུ་བློ་ན་ཡོད་པའི་ཨང་གྲངས་འགའ་བླུགས་རྗེས
རི་ཆུ་སྟོང་ཕྲག་གི་ཕ་མཐའ་བསྐུར
ཤ་མིག་གིས་སྣང་དུ་མེད་པའི་བར་སྣང་འཁོར་སྐར་གྱིས་རམ་འདེགས་འོག
སེམས་འདུན་དེ་བདེ་ལེགས་ངང་མདོ་དབུས་མཐོ་སྒང་གི་དུད་ཁྱིམ་ཞིག་ཏུ་བསྐྱལ
ཨོ ཨ་ཕ་ཡིན་ནམ ཁྱེད་རྣམས་འཚམས་པོ་བདེ་མོ་ཡིན་ནམ
ཆེས་སྟབས་བདེའི་སྐད་ཆ་འདི་དག་ལྕེ་རྩེ་ནས་བཀོད་སྒྲིག་ཅི་ཡང་མེད་པར་ལྷུང
ཡང་གཅིག་བཤད་ན་དེ་ནི་བསམ་གཞིགས་གཏོང་རྒྱུ་མེད་པའི་ཁམས་བདེ་འཚམས་འདྲི་ཞིག་དང
ས་མཐར་འཁྱམས་པའི་བུ་ཆུང་ཞིག་གི་ཁ་རུ་གོམས་པའི་ཁ་དོན་འདྲ་བོ་ལོས་ཡིན
ཕ་ཡུལ་ན ཐབ་ཚ་སྟེང་བཞུགས་ལོས་ཡོད་སྙམ་པའི་ཨ་ཕས
ཁ་པར་གྱི་སྐུ་སྣེ་ནས་ང་ལ་སྟབས་བདེའི་ཁམས་འདྲི་རེ་བྱས་རྗེས
སྤྱི་འགྲོས་ཤིག་ཡིན་མིན་མི་ཤེས་མོད གོམས་སྲོལ་ཞིག་གིས་དབང་དུ་ཚུད་པ་ལྟར ད་ཨ་མར་ཁ་བརྡ་བྱོས་ཟེར་བའི་སྐད་ཆ་དེ
ཁོང་གི་ངག་ནས་མ་ཡོང་སྔོན་ལ་ངའི་སེམས་ཀྱིས་ཚོར་ཡོིང
བུ་བཙའ ཆམ་པ་མ་ཕོག་ཨྰ
མ་ཕོག ཨ་མ
སྒོར་མོ་ཚར་གིན་ཨེ་འདུག
སྒོར་མོ་ད་དུང་ཡོད་ཡོད ཨ་མ
སློབ་སྦྱོང་རྗེས་ཨེ་ཆོད་ཀི
དེར་ད་སྐྱོན་མི་འདུག
འོ་ན་ཟ་མ་ཨེ་འཕྲོད་ཀི
ཟ་མ་ད་མང་པོ་བཟའ་འདོད་འདུག ཧེ་ཧེ
ཨོ བུ་བཙའ གནངས་ཉིན་ཨ་མ་དབྱར་རྩ་བརྐོ་རུ་འགྲོ་བར་གྲ་སྒྲིག་བྱེད་ཀིན་ཡོད
ཨ ཁྱོད་ཨེ ལོ་ལྔ་བཅུ་སླེབས་གྲབས་རེད ད་རུང་་་་་་
ཨ་མ་ལོ་ལོ ཨ་མའི་ལུས་ཀྱིས་ལྕོགས་ནི་མ་རེད
ད་དུང་དབྱར་རྩ་བརྐོས་ན་རྩ་སར་གཏོར་བརླག་བཏང་ནི་རེད
ང་མ་སོང་ན
ཁྱོད་མྱིང་སྲིང་ཚོས་མ་འོངས་པའི་འགྲོ་སོང་མཐའ་དག
ད་རུང་ཁྱིམ་འདིའི་ཁྱིམ་ཐབ་སྐྱོང་བར་སྒོར་མོ་མི་མཁོ་འམ
རང་གིས་ཁ་རོག་གེར་དཔེ་ཆ་ཡག་པོ་བལྟས
དོན་དག་འདི་རྣམ་ང་ཚོས་བསྒྲུབ་རྒྱུ་རེད
ཁྱོད་ཀྱིས་ང་སོང་ཤུལ་ནས་ཨ་ཕར་ཁ་པར་གཏོང་གིན་སྡོད
ད་དུང་བཤད་རྒྱུ་ཞིག་ལ
སློབ་གྲྭ་ནས་དགེ་རྒན་ལ་བརྩི་བཀུར་དང
སློབ་གྲོགས་ཚོར་འགྲིག་མཐུན་བྱོས
ཕ་མའི་ཁར་ཉོན་དང་་་་་་་་་
ངས་ངག་ནས་མགོ་རྟིང་སློག་སྟེ་བློར་སྐྱོར་རུང
དབུགས་ཐེངས་གཅིག་གིས་བློར་འགྲོ་བའི་སྐད་ཆ་དེ་དག་སུན་སྣང་ཅི་ཡང་མེད་པར་གསུངས་བྱུང
བུ་བཙའ ད་ཁྱོད་བཤད་རྒྱུ་འདྲ་ཨེ་ཡོད
ངས་ཁ་པར་གྱི་སྐུ་སྣེ་ནས་ཅི་ཡང་སྨྲ་མི་ཕོད་པར་ངག་སྒོ་བསྡམས་ནས་བསྡད་པས
དེ་ན་གནས་སྐབས་ཀྱི་དེ་བྱོས
རང་གི་ལུས་པོར་བདག་བྱོས་ཟེར་བཞིན་ཨ་མ་ཁ་པར་གྱི་སྐུ་གནས་ནས་བབས
ངས་ཨ་མས་ཁ་པར་ཁ་བརྒྱབ་རྗེས་ཀྱི་ཙི་ཙི་ཞེས་པའི་སྒྲ་ལ་ཉན་བཞིན
ཤེལ་མིག་གི་ནང་རོལ་ནས
ད་དུང་མཆི་མ་དྭངས་མོ་ཞིག་མཚམས་མི་ཆད་པར་ཤ་ར་ར་ལྷུང་གིན་འདུག
༢༠༡༡ ༤ ༣༠

རྩོམ་ཁུངས། ངེད་དྲ་བ།