དགོངས་པ་འཚོམས་པ་མ་གནང་། སྔར་འདྲིས་ཀྱི་གྲོགས་མོ།

 

    
    ——སྔར་འདྲིས་ཀྱི་བརྩེ་གྲོགས་ཞིག་ལ་ཕུལ།
                
སྔར་སོང་སྔར་གྱི་དུས་ལ་།
དྲུག་གསུམ་བཅོ་བརྒྱད་ཀྱི་ལང་ཚོ་དར་དུས་།
མུན་ནག་གི་མཚན་མོ་ཞིག་ལ་།
ངས་ཁྱེད་ཀྱི་རྨི་ལམ་དེ་བཙན་འཕྲོག་བྱས་ཤིང་།
ཁྱེད་ནི་ང་ཡི་ཡིད་འཕྲོག་ལྷ་མོར་འདོད་།
དེ་དུས་ཁྱེད་ཀྱིས་ང་རྒྱལ་གྱི་འོ་དོད་མ་བོས་ལ་།
ཁེངས་སེམས་ཀྱི་ཁྲོ་ཚིག་དེ་བས་ཀྱང་མ་སྨོས་།
ལོ་ངོ་འགའ་ཤས་འདས་པའི་དེ་རིང་།
ནུབ་ཕྱོགས་ཀྱི་ཤན་ཞིག་ཏུ་།
ཕུགས་བསམ་ཞིག་འཚོལ་བར་ཕྱིན་པའི་ངས་།
རྨི་ལམ་ནང་གི་ཡིད་འཕྲོག་ཁྱེད་།
ལྗོན་པའི་ཡུལ་ནས་བསུ་བའི་ནུས་པ་མེད་པ་དེ་།
ང་རང་ཡིན་པས་།
ངས་མི་ཡུལ་གྱི་མཐོང་གྲོལ་ལྷ་མོ་ཞིག་།
ངའི་སྙིང་གི་དགའ་མར་བསུས་ཡོད་།
དེང་དུས་གྲོགས་པོས་གཏམ་དུ་སྨྲ་བར་།
ཁྱེད་ཀྱི་ལང་ཚོ་སད་ཀྱི་མ་ཁྱེར་ཞིང་།
གཅེས་པའི་བརྩེ་དུང་སེར་བས་མ་བཅོམ་ཟེར་།
དེ་བས་།
ང་ནི་ནམ་ཡང་ཁྱེད་ཀྱི་ནོར་བཟང་རྒྱ་ལུ་དེ་རེད་མོད་ཟེར་།
འོན་ཏེ་།
ལྷད་མེད་བརྩེ་དུང་དེའི་ཁྲོད་དུ་།
ངོ་གནོང་དགོས་པ་ནི་ང་རང་ཡིན་པས་།
དགོངས་པ་འཚོམས་པ་མ་གནང་།
སྔར་འདྲིས་ཀྱི་གྲོགས་མོ་།
           བོད་ལྗོངས་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་ལྟེ་བའི་སློབ་ཆུང་གི་དགེ་མིང་འཛིན་པ་གངས་ལྷ་ནས་ཕུལ་།
 
 
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོངས་པ་འཚོམས་པ་མ་གནང་། སྔར་འདྲིས་ཀྱི་གྲོགས་མོ།

2011-05-03 གངས་ལྷ། ཀློག་གྲངས། མཆན ཡོད།

 

    
    ——སྔར་འདྲིས་ཀྱི་བརྩེ་གྲོགས་ཞིག་ལ་ཕུལ།
                
སྔར་སོང་སྔར་གྱི་དུས་ལ་།
དྲུག་གསུམ་བཅོ་བརྒྱད་ཀྱི་ལང་ཚོ་དར་དུས་།
མུན་ནག་གི་མཚན་མོ་ཞིག་ལ་།
ངས་ཁྱེད་ཀྱི་རྨི་ལམ་དེ་བཙན་འཕྲོག་བྱས་ཤིང་།
ཁྱེད་ནི་ང་ཡི་ཡིད་འཕྲོག་ལྷ་མོར་འདོད་།
དེ་དུས་ཁྱེད་ཀྱིས་ང་རྒྱལ་གྱི་འོ་དོད་མ་བོས་ལ་།
ཁེངས་སེམས་ཀྱི་ཁྲོ་ཚིག་དེ་བས་ཀྱང་མ་སྨོས་།
ལོ་ངོ་འགའ་ཤས་འདས་པའི་དེ་རིང་།
ནུབ་ཕྱོགས་ཀྱི་ཤན་ཞིག་ཏུ་།
ཕུགས་བསམ་ཞིག་འཚོལ་བར་ཕྱིན་པའི་ངས་།
རྨི་ལམ་ནང་གི་ཡིད་འཕྲོག་ཁྱེད་།
ལྗོན་པའི་ཡུལ་ནས་བསུ་བའི་ནུས་པ་མེད་པ་དེ་།
ང་རང་ཡིན་པས་།
ངས་མི་ཡུལ་གྱི་མཐོང་གྲོལ་ལྷ་མོ་ཞིག་།
ངའི་སྙིང་གི་དགའ་མར་བསུས་ཡོད་།
དེང་དུས་གྲོགས་པོས་གཏམ་དུ་སྨྲ་བར་།
ཁྱེད་ཀྱི་ལང་ཚོ་སད་ཀྱི་མ་ཁྱེར་ཞིང་།
གཅེས་པའི་བརྩེ་དུང་སེར་བས་མ་བཅོམ་ཟེར་།
དེ་བས་།
ང་ནི་ནམ་ཡང་ཁྱེད་ཀྱི་ནོར་བཟང་རྒྱ་ལུ་དེ་རེད་མོད་ཟེར་།
འོན་ཏེ་།
ལྷད་མེད་བརྩེ་དུང་དེའི་ཁྲོད་དུ་།
ངོ་གནོང་དགོས་པ་ནི་ང་རང་ཡིན་པས་།
དགོངས་པ་འཚོམས་པ་མ་གནང་།
སྔར་འདྲིས་ཀྱི་གྲོགས་མོ་།
           བོད་ལྗོངས་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་ལྟེ་བའི་སློབ་ཆུང་གི་དགེ་མིང་འཛིན་པ་གངས་ལྷ་ནས་ཕུལ་།
 
 
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།