སྲ་མོ་དེ་ཁྱེད་རང་ཡིན།
གཞོན་ནུ་ཞིག་གིས་རང་གི་མི་ཐེག་པའི་རྡོ་བ་ཞིག་ཁུར་ཏེ
ངལ་བ་རྫོབ་རྫོབ་ངང
མི་མང་གི་གསེབ་ལ་འདྲེ་བཞིན་འདུག
ལྷིང་འཇགས་ཀྱི་ལྭ་བ
རང་གི་རོ་མདོག་འགེབ་བྱེད་དུ་གྱོན་པ་གཏན་ནས་མ་ཡིན་དེ
རྒྱས་སྤྲོས་ཀྱི་གསོལ་སྟོན་ཞིག་ལ་ཞུགས་ཆེད་དུའང་མ་ཡིན་པར
ངོམ་པར་ཡོད་པའི་འཇིག་རྟན་འདི་ནས
རང་ཉིད་བག་རྫུ་བྲལ་བའི་གསོན་པོར་གནས་བྱེད་དུ་འདོད
ཉི་མ་ནི་སྔ་མོ་ནས་འཐབ་ལམ་ནས་བསྐྱུར་ཟིན་ལ
རང་གི་ལྗོན་ཤིང་སྟེང་གི་ཉི་མ་རང་གི་འཚོས་ནས་འོང
ས་རྡོ་ཆགས་པ་ནས
སེམས་ཀྱི་རྙེད་པའི་ནམ་མཁའ
བྲང་ཁོག་ན་བརྗིད་པའི་རང་ཉིད་ལྟར
གཞན་ལ་འདྲེ་མི་ཐུབ་པའི་རྒྱུ་མཚན་ཞིག་གཏན་ནས་མ་རྙེད
མུན་པའི་ནམ་མཁའ
འོད་ཀྱི་མུན་པའི་མཐུན་རྐྱེན་ལས་གྲུབ་པ་ཞིག
མུན་པ་ལ་གཞོལ་བའི་བར་དེ་ནས
ཤེས་རིག་ཞེས་པའི་ས་བོན་རེ་རེ
སྟོབས་ཀྱི་འབར་བའི་སྒེའུ་ཁུང་དུ་བརྫང
རལ་གྲིས་ཀྱང་མ་རེག
བརྩེ་བ་འདར་བའི་རྩྭ་ཕྲན་ཆུང་ཆུང་དུ
ངུ་ཤུམ་གྱི་ཟིལ་བ་འཛིན་ཞིང་ཉི་ཟེར་བསུ་བའི་རྟེན་འབྲེལ་དེ
སྒྱོགས་ཆེན་ཕང་བའི་ལྡིར་ལྡིར་གྱི་ཁྲོད་དུ་ལུས
མགོ་བོ་སློག་པའི་རྨིང་རྡོ་ཞིག་སུས་ཀྱང་འཕང་མེད་པས
གཏམ་རྒྱུད་ཀྱི་མགོ་སྔ་དང
ཡུན་རིང་བསིལ་བསེར་གྱི་བསྐྱོད་པའི་ངོ་གདོང
སྟབས་སྟབས་མ་ཡིན་པའི་འཇིགས་སྣང་གི་བསྡུས་པའི་ཚོར་བ་རུ་བཞག
དམ་བཅའ་ཡི་བཞག་པའི་ཚེ་སྲོག་གི་ཁ་དོག་དུ་བཞག
དམ་བཅའ་ནི་ཕུགས་བསམ་དང་འབྲེལ་བའི་རླུང་ཡན་ཞིག
ལུས་སྟེང་གི་སྡོང་ལོ་བམ་པོ་ཇི་བཞིན་མགོ་ཐོག་ཏུ་གནས་ཡོད་ལ
རང་གི་རྣམ་ཤེས་རླུང་རྟ་ཇི་བཞིན་ཙག་གིས་བསྒྱུར་ནས་འགྲོ
ཡང་ན
བྲག་རི་འདྲ་བ་ཞིག་ཏུ་ཆགས
ཡང་ན
འཚོ་བར་གཞིས་ཆགས་པའི་གླིང་ག་ཞིག
ས་ཁོད་ཁེངས་ཡོད་པའི་མི་རྣམས་ཀྱིས
ལྐོག་གྱུར་ལྐོག་གྱུར་ཅེས་ལབ་ཀྱིན་ཡོད
ནམ་ཞིག་རྒྱ་མཚོ་ཕྱིར་ནུར་ནས་བསྣུབས་ཚེ
ཁྱེད་ནི་ཤིང་སྡོང་གཅེར་བུ་ལས་ཅི་ཞིག
2011ལོར་བཅོས །
རྩོམ་ཁུངས། ངེད་དྲ་བ།