ཚོར་བ།
ཞོགས་ཀ།
གྲང་བསིལ་བསིལ་གྱི་རླུང་བུས།
ལྷང་འཇག་གི་རྒྱ་མཚོ།
དར་ལྕོག་བཞིན།
ལྷབ་ལྷུབ་དུ་འཁུར་ཡོང་དུས།
དེ་བྱིན་པའི་ཚོར་བ་ནི།
དྲན་སྣང་གི་ལེའུ་གཅིག
དགོང་ག
ཉི་མ་ནུབ་ཕྱོགས་སུ་ལོག་འགྲོ་དུས།
ནུས་ཤུགས་ཟད་པའི་ཉི་འོད།
རྒྱ་མཚོའི་རྦ་རླབས་ལ་འཕྲོས་དུས།
དེ་བྱིན་པའི་ཚོར་བ་ནི།
དྲན་སྣང་གི་ལེའུ་གཉིས།
རྩོམ་ཁུངས། ངེད་དྲ་བ།