ཚུར་རོལ་དང་ཕ་རོལ།
ཚུར་རོལ་དང་ཕ་རོལ
ཡུམ་ཆེན་དང་བུ་ཆུང་ཡིན་པའི་དབང་དུ་བཏང་ན
ཚུར་རོལ་ནི་བུ་ཆུང་ཡིན་ལ
ཕ་རོལ་ནི་ཡུམ་ཆེན་ལགས
དེ་དུས
ཐག་ཉེ་འདི་ཐག་ཉེ་མ་སོང
ཐག་རིང་དེ་ཐག་རིང་མ་སོང
ཐག་ཉེ་དང་ཐག་རིང
ཚུར་རོལ་དང་ཕ་རོལ་ཡིན་པའི་དབང་དུ་བཏང་ན
ཐག་ཉེ་ནི་ཕ་རོལ་ཡིན་ལ
ཐག་རིང་ནི་ཚུར་རོལ་རེད
ད་དུས
ཡུམ་ཆེན་ཕ་རོལ་ན་ཤིན་དུ་ཐག་ཉེ
བུ་ཆུང་ཚུར་རོལ་ལ་ཤིན་དུ་ཐག་རིང
བུ་ཆུང་དང་ཡུམ་ཆེན
ཐག་ཉེ་དང་ཐག་རིང་ཡིན་པའི་དབང་དུ་བཏང་ན
ཡུམ་ཆེན་ནི་ཐག་རིང་གི་ཐག་ཉེ་ཡིན་ལ
བུ་ཆུང་ནི་ཐག་ཉེ་ཡི་ཐག་རིང་རེད
དེ་དུས
ཚུར་རོལ་གྱི་ལོ་མ་ས་ལ་ཟགས
ཕ་རོལ་གྱི་རླུ་བུ་ཤུགས་ཀྱིས་ལྡིང
3/25/2011ཉིན་ལ །
རྩོམ་ཁུངས། ངེད་དྲ་བ།