སྨྱོས་ཤིག

ཁྲི་མོན་ལྟ་བུའི  སྤྱོད་ཁང་ལྟ་བུའི  དམྱལ་ཁམས་ལྟ་བུའི
སྒྲོམ་གཞི་དག་གི་རྒྱ་རུ       གཡའ་ཆགས་པའི་རྣམ་ཤེས་དག
ལྕགས་དང་ཐོ་བའི་དབྱིབས་སུ་གྱུར        བརླ་དང་བ་སྤུའི་ཁ་དོག་ཏུ་གྱུར
བདག་གི་སེམས་ལ་སྡོམ་དྲ་ཆགས་ནས་འདུག
བདག་གི་མིག་ལ་ས་རྡུལ་ཐིམས་ནས་འདུག
མགོ་བོ་པོ་ཏ་ལའི་རུལ་དྲི་ཅན་གྱི་གྱང་ངོས་སུ་རྡོབས་ཤིག
ངལ་དུབ་ཀྱིས་ནོན་པའི་སྙིང་སྟོབས་དག་ཐེད་དུ་བོར་ཞིག
དྲི་ངན་ཆགས་པའི་སྙིང་ཆུང་དག་ཚལ་བར་གཤོགས་ཤིག
ཐེ་ཚོམ་ལྟ་བུའི  སྡར་སྤྱོད་ལྟ་བུའི  ཉོན་མོངས་དང་སྡིག་བསྒྲུབ་ལྟ་བུའི
རླབས་ཆེན་དང་ཕུལ་བྱུང་ལྟ་བུའི  བྱང་སེམས་ལྟ་བུའི
དུས་ཚོད་ཀྱིས་བཟོས་ཚར་བའི་ཚེ་སྲོག་ཐ་དག
ཨ  སྡུག་བསྔལ་ལགས   ཡོད་ཚད་གས་ཆག་ཧྲིག་ཆག་ཏུ་ཐོངས་ཤིག
སྨྱོ་བ་ནི་ཚེ་སྲོག་གི་རང་བཞིན་ཡིན  དྭངས་གཙང་ཡིན  ལྷད་མེད་ཡིན
ཨ  སྨྱོས་ཤིག   སྨྱོས་ཤིག    སྨྱོས་ཤིག   སྨྱོས་ཤིག   སྨྱོས་ཤིག
སྨྱོས་ཤིག  སྨྱོས་ཤིག  སྨྱོས་ཤིག  སྨྱོས་ཤིག  སྨྱོས་ཤིག  སྨྱོས་ཤིག
སྨྱོས་ཤིག  སྨྱོས་ཤིག  སྨྱོས་ཤིག  སྨྱོས་ཤིག
དུད་འགྲོ་སྨྱོས་ཤིག  ཡི་དྭགས་སྨྱོས་ཤིག    མི་སྨྱོས་ཤིག
དམྱལ་བ་སྨྱོས་ཤིག ལྷ་སྨྱོས་ཤིག ལྷ་མིན་སྨྱོས་ཤིག    རྩི་ཤིང་དང་ས་རྡོ་དག་སྨྱོས་ཤིག     སྨྱོས་པར་གྱུར་བའི་ཚེ་སྲོག་དག་གི་འོ་དོད
ཡུལ་ལམ་དུས་ཀྱི་ཚད་ཐ་དག་ལས་འགོང་བར་གྱིས་ཤིག
གནམ་ལ་ཀེར་བའི་མི་ལའི་ཕོ་མཚན ས་ལ་འཆོར་བའི་དབྱངས་ཅན་མའི་གཤེར་ཁུ
ནུ་མ་དང་བརླ་ཤ        ཕོ་མཚན་དང་མོ་མཚན
རྩིད་པ་དང་རྔུལ་ཆུ          འཁུན་སྒྲ་དང་གཡའ་ཆུ འཕུང་ཤ་དང་ཨང་ཀི ཡོད་ཅོག་སྨྱོས་ཤིག
 
ཁྲེལ་དགོད་མྱོང་བཞིན་པའི་བདག་གི་རྣམ་ཤེས་འདི
བརྙས་བཅོས་བབས་སོང་བའི་བདག་གི་རྣམ་ཤེས་འདི
མནངས་ཆུང་ཕོག་སོང་པའི་བདག་གི་རྣམ་ཤེས་འདི ཁྱེ
ཁྱེད་ཀྱི་ཉལ་ཁྲི་རུ་གྱུར་སོང       ཁྱེད་ཀྱི་ལྷམ་མཐིལ་དུ་གྱུར་སོང
ཨ  སྡུག་བསྔལ་ལགས      མི་ཡི་དབྱིབས་དག་བསྐྱར་དུ་སྒྲིགས་ཤིག

དཀོན་ཅོག་གི་རྩེད་སྤྱད་དུ་གྱུར་བའི་དམྱལ་ཟངས་ཀྱི་རབ་ཁ
གཤིན་རྗེ་ཡི་རོལ་རྩེད་དུ་གྱུར་བའི་ཁྲོ་ཆུ་ཡི་ང་རོ
གཞི་བདག་གི་སྤྱོད་ཁང་དུ་གྱུར་བའི་མི་ཡུལ་གྱི་དྲི་ངན
རུལ་སུང་དུ་གྱུར་བའི་ལས་མཁན་དག་གི་འཚིག་རོ
འཁྱོགས་གཟུགས་སུ་གྱུར་བའི་རྣམ་ཤེས་དག་གི་བེམ་པོ
ས་ལ་རྡོབས་ཤིག     རྡོ་ལ་རྡོབས་ཤིག  གས་ཆག་ཧྲིག་ཆག་ཏུ་ཐོངས་ཤིག

སྨྱོ་བ་ནི་ཐོད་བརྒལ་ལ་གཏོགས  ཐོད་བརྒལ་ནི་སྨྱོ་བ་ཡིན
སྨྱོ་བ་ནི་ཚེ་སྲོག་ཡིན    ཚེ་སྲོག་ནི་གཟུགས་མེད་ཡིན གཟུགས་མེད་ནི་སྨྱོ་བ་ཡིན
ཉོབ་པོར་གྱུར་བའི་ཤེས་རབ་ཐ་དག
འོད་དང  རླུང་དང  དྲན་འཆར་དག་གི་འགྲོས་ལས་བརྒལ་བར་གྱིས་ཤིག
 
མུ་ཏོ་བ་ལྟ་བུའི  བླུན་པོ་ལྟ་བུའི  དབུལ་བོ་ལྟ་བུའི མཁས་པ་ལྟ་བུའི ཉམ་ཆུང་ལྟ་བུའི
ཆེན་པོ་ལྟ་བུའི  ཆུང་ཆུང་ལྟ་བུའི  གྲྭ་གཟུགས་ལྟ་བུའི  སྐྱ་གཟུགས་ལྟ་བུའི
སྐྱེས་མ་ལྟ་བུའི  སྐྱེས་པ་ལྟ་བུའི
འཕགས་ཀྱིན་པ་དང་འཕགས་ཀྱིན་མ་ཡིན་པའི་ཚེ་སྲོག་ཐ་དག
ས་ལ་རྡོབས་ཤིག  རྡོ་ལ་རྡོབས་ཤིག  ཐལ་དང་རྡུལ་དུ་ཐོངས་ཤིག
ཤ་ཁྲག་གི་རི་མོ་དག་རླུང་ལ་བྱུག་ནས  རུས་རྐང་དུ་བཅུག་པའི་རོལ་མོ་ཐ་དག་སྒོ་རུ་ཐོངས་ཤིག
དུང་སོ་དག་དབྱིངས་སུ་སྦྱར་ནས   སྟེང་དུ་གཟུགས་མེད་ཀྱི་རི་མོ་ཕྲིས་ཤིག
དུས་ཚོད་ཀྱི་བར་སྟོང་བརྟོལ་ནས  རྣམ་ཤེས་དག་ཕྱིར་རྣམ་ཤེས་དག་ལ་སྩོལ་ཅིག
ཨ  སྡུག་བསྔལ་ལགས   ཕྱྭ་ལེ་བ་དང་ཕྱྭ་ལེ་བ་མ་ཡིན་པའི  ཚེ་སྲོག་ཐ་དག་གི་ཁ་དོག་བསྐྱར་དུ་ཚོལ་ཅིག

            ༩༨༧༢༣༦༣༨༢༣༧༢༤༨༢༣༨༤༢༩༣༧༤༢༩༣༧༩༢༣ལོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྱོས་ཤིག

2011-04-29 གླག༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།