དགོད་བྲོ་བའི་ང་ཚོ།
___ དགེ་རྒན་རྣམ་པ་ལའང་བྱིས་བློ་འདུག་ལ་ང་འདུས་པའི་གྲོགས་པོ་རྣམ་པའང་དེ་ལས་མ་འདས།
༡
ང་ཚོ ལོ་ན་ཆུང་ཆུང་ཡིན་དུས
རྨོ་བོའི་ངག་ཕྲེང་ལས་འཐོར་བའི་གནའ་བོའི་གཏམ་རྒྱུད་ཀྱི་མུ་ཏིག་རྡོག་པོ་དེ་དག
སྤྲོ་སྣང་གིས་བསླུ་བྲིད་འོག
རྣ་བས་བཟས་ཤིང་སེམས་ཀྱིས་མིད་མྱོང
གཏམ་རྒྱུད་དེ་དག་གི་མྱོས་བུམ་ལ་མཆུ་ཡིས་སྦྱར་ཞིང་ལག་པས་ཕུར་བ
ཞིབ་མོས་བསམས་ན
གཏམ་རྒྱུད་རང་རེད་མི་འདུག
༢
གཏམ་རྒྱུད་མ་བཤད་པའི་ཡང་སྔོན་དུ
ཆུ་ཤེལ་ལྟ་བུའི་བྱིས་བློའི་འཇིག་རྟེན་དུ
གནམ་སྔོན་པོ་ས་རུ་བརྡིབས་ཤིང
ས་དོག་མོ་དགུང་ཏུ་གཡེངས་པ
མཐོ་ས་ཞིག་ནས་མེ་ཏོག་གི་ཆར་འབབ་ཅིང
དམའ་ས་ཞིག་ཏུ་འཇའ་ཚོན་གྱི་གདན་བཏིང་བའི
འཕྲུལ་སྣང་དང་སྟོང་བསམ་བཤོས་པའི་བཞུར་བརྙན་ཞིག
ཨག་སྐད་ཅིག་དང་ལྷན་དུ་འཁྲུངས
༣
སྦྲང་རྩི་ལྟ་བུའི་གཏམ་རྒྱུད་འདིར་སེམས་ཀྱིས་སྤྱོད་དུས
ངའི་དྭངས་གཙང་གི་འཇིག་རྟེན་དུའང
འདོད་པའི་ཉི་མ་དམར་པོ་དང
དེ་ལ་ཆགས་པའི་སྤྲིན་པ་དཀར་བོ
དེ་ལ་ལྡང་བའི་རླུང་བུ་ལྗང་ཁུ་ཞིག་ཀྱང
གང་ས་ནས་སྐད་ངན་འབྱིན་ཞོར་གོམ་སྒྲ་ཐྲིག་ཐྲིག་གིས་སླེབས་ཡོང
གཏམ་རྒྱུད་ནི་གཏམ་རྒྱུད་རང་རེད་མི་འདུག
འདིས་ཕུགས་རེ་དང་ཡིད་ཆེས་ཡོད་མདོག་སྟོན་པའི་ངེད་ཅག་ལ
འདྲི་རྟགས་ཆེན་མོ་ཞིག་གི་རྫོངས་ཕུལ་སོང
༤
ད་ནི ཉལ་ཐ་ལྟ་བུའི་གཏམ་རྒྱུད་འདི་མཇུག་རྫོགས་ལ་ཉེ
གཏམ་རྒྱུད་འདིས་ཁ་དོག་མེད་པའི་འཇིག་རྟེན་ཞིག
ཁ་དོག་ཅན་དུ་བསྒྱུར་ལ
རྩ་ཡན་ཟུང་གིས་མདོག་དམག་རྣམས་ལ་ནང་འཁྲུག་བསླངས
དེ་བས་ན འདོད་དམག་དང་ཞེ་དམག་གི་དཔུང་ཆེན་པོ་གཉིས་ཀྱིས་ཀྱང
ཧྥ་རན་སིའི་རྒུམ་ཆང་དམ་བུ་རེ་ཧུབ་ཀྱིས་འཐུང་ཞོར་གཡུལ་བཤམས་པར་སྟ་གོན་བགྱིད
༥
གཏམ་རྒྱུད་ནི་གཏམ་རྒྱུད་རང་རེད་མི་འདུག
གཏམ་རྒྱུད་བཤད་ཚར་ལ་ཉེ་དུས
གཏམ་རྒྱུད་ལ་རྣ་བ་བླགས་ནས་ཉན་མཁན་མི་འདུག
ཤུལ་ལུས་སུ་བདོག་པ་ནི
རྒུམ་ཆང་དང་སྦི་རག་གིས་བཙན་གཡེམ་བྱས་རྗེས
ལུས་ཀྱི་བུ་ག་དག་ན་དབང་མེད་གཤེར་ཁུ་འཛག་པའི་སེམས་འཚོང་མཁན་དག་ལས་མ་འདས

རྩོམ་ཁུངས། ངེད་དྲ་བ།